ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པར་མ་ཟད། ཞིང་ས་གཤིན་པོ་དེར་གཞི་ཚུགས་པའི་ལས་གཏོད་པར་སེམས་འགུལ་ཆེན་པོ་ཐེབས་ཡོད། ལས་གཏོད་ཀྱི་ཁྲོད་དུ་ལོ་བཅུ་ལྷག་ཙམ་འབད་འབུངས་བྱས་པའི་ལས་གཏོད་པ་ཝང་དབྱང་དང་ཝུའེ་ཧང་གཉིས་ཀྱིས་ས་མཐོར་འཚམ་པའི་རིག་ནུས་ཚན་རྩལ་གསར་གཏོད་ཞབས་ཞུ་དང་ཆེད་ལས་ཀྱི་དྲིལ་བསྒྲགས་ཁྱབ་གདལ་ཞབས་ཞུའི་ཐོག་ནས་ཁྱབ་ཁོངས་ལ་གཞི་ཚུགས་ཏེ།དངོས་སྒྲུབ་ལ་བརྟེན་ནས་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་ཏེ།ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་གཞིས་ཆགས་པའི་བོད་ལྗོངས་ཀྲུང་ཁའེ་ཚན་རྩལ་ཚད་ཡོད་ཀུང་སིའི་རིགས་ཁག་གི་རིག་ནུས་སྒྲིག་ཆས་ལ་ཚན་རྩལ་གྱི་ཚོར་སྣང་ཟབ་མོ་ལྡན་ཡོད་ཅིང་།འཕྲུལ་མི་ཚོས་སྟབས་བསྟུན་ངང་ལག་པ་གཡུག་གཡུག་བྱེད་པ་དང་ལག་པ་གཏོང་བ་སོགས་བྱེད་པ་དང་། འཕྲུལ་ཁྱིས་མགོ་རྟིང་སློག་པ་སོགས་དཀའ་ཚེགས་ཆེ་བའི་བཟོ་ལྟ་འདྲ་མིན་སྟོན་ཐུབ་ཀྱི་ཡོད། ཁེ་ལས་ཀྱིས་ལྗོངས་ཕྱི་ནས་ནང་འདྲེན་བྱས་པའི་སྒྲིག་ཆས་དེ་དག་གིས་བོད་ལྗོངས་ཀྱི་གནམ་གཤིས་དང་ས་བབ་ཀྱི་ཁྱད་ཆོས་ལ་དམིགས་ནས་ལེགས་སྒྱུར་རིམ་སྤོར་བྱེད་བཞིན་ཡོད་པ་དང་། འབྱུང་འགྱུར་མེ་ཟོན་བདེ་འཇགས་སོགས་ཁྱབ་ཁོངས་སུ་སྤྱོད་རྩིས་ཡོད། ཉེན་ཁ་ཆེ་བའི་རྣམ་པའི་ཁྲོད་མི་ཐབས་ལ་བརྟེན་ནས་ལས་དོན་བསྒྲུབས་ཏེ་ལས་དོན་པའི་བདེ་འཇགས་ཐད་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་རྒྱུ་རེད། ས་མཐོར་གཞི་ཚུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社