分享按钮

བློ་སྒྲིལ་སེམས་སྐྱེད་ཀྱིས་ལམ་བུ་གསར་པ་གཏོད། མཐུན་སྒྲིལ་ཡར་བརྩོན་གྱིས་འབྱུང་འགྱུར་ཕྱོགས་སུ་སྐྱོད

བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་མཇུག་འགྲིལ་བ།།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་26ཉིན་གྱི་ཕྱི་དྲོ། དུས་ཡུན་ཉིན་གཉིས་ཀྱི་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་ལྷ་སའི་གནས་མཆོག་གླིང་སྤྱིའི་གསོལ་མགྲོན་ཁང་ཆེན་མོར་བདེ་བླག་ངང་མཇུག་འགྲིལ་བ་རེད། མཇུག་འགྲིལ་ཚོགས་འདུའི་ཐོག གླེང་སྟེགས་ཀྱི་གྲོས་རིམ་ཁག་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས། ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། དེ་ནི་བསམ་པའི་སྟོན་མོ་གཟབ་རྒྱས་དེར་སེམས་གཏིང་ནས་བསྔགས་བརྗོད་བྱས་པ་ཞིག་ཡིན་ལ། མཐུན་སྒྲིལ་ཡར་བརྩོན་གྱི་ལམ་བུར་ཐུན་མོང་གི་ངོས་འཛིན་བརྟན་པོ་ཞིག་བྱུང་བ་དེ་བས་ཀྱང་ཡིན། སྐབས་འདིའི་གླེང་སྟེགས་ཀྱིས་བློ་སྒྲིལ་སེམས་སྐྱེད་དང་མཐུན་སྒྲིལ་ཡར་བརྩོན་ཞེས་པ་གཙོ་དོན་དུ་བྱས་ཤིང་། གཙོ་དོན་གླེང་སྟེགས་གཅིག་དང་མཉམ་གཤིབ་གླེང་སྟེགས་བཞི་ལས་གྲུབ་པ་ཞིག་ཡིན། ཉིན་གཉིས་ཀྱི་དུས་ཚོད་ནང་གླེང་སྟེགས་གཙོ་བོས་དབང་གྲགས་ལྡན་པའི་སྐད་སྒྲ་བརྒྱུད་སྤྲོད་བྱས་ཤིང་། མཉམ་གཤིབ་གླེང་སྟེགས་ལ་སོ་སོའི་ཁྱད་ཆོས་ལྡན་ཡོད། རྒྱལ་ཡོངས་ཀྱི་ཆེད་ལས་མཁས་པའི་འཐུས་མི་104དང་།

དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་པོའི་འཐུས་མི་རྣམས་ལྷན་དུ་འཛོམས་ནས། གླེང་སྟེགས་ཀྱི་གཙོ་དོན་ལ་དམ་པོར་དམིགས་ནས་གཏམ་བཤད་ཧུར་ཐག་སྤེལ་བ་དང་གྲོས་བསྡུར་གཏིང་ཟབ་བྱས་ཡོད།

གླེང་སྟེགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཕྱོགས་ཡོངས་ཀྱི་ཡར་རྒྱས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། འཚོལ་བསྡུ་བྱས་པའི་དཔྱད་རྩོམ་70ལྷག་ཙམ་གྱིས་བོད་ཀྱི་འཕེལ་རྒྱས་ཀྱི་སྲོག་ཤིང་ལ་དེ་བས་དམ་པོར་དམིགས་ཤིང་། འབྱུང་ཁམས་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་སོགས་མིག་སྔའི་གཙོ་གནད་ལས་འགན་ལ་དམིགས་ཡོད་པར་མ་ཟད། རིག་གནས་རྒྱུན་འཛིན་དང་གཞི་རིམ་བཅོས་སྐྱོང་སོགས་ཕུགས་ཀྱི་འཕེལ་རྒྱས་ཀྱི་གྲོས་གཞིར་ཡང་དོ་ཁུར་བྱས་ཡོད། ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་། གསོན་ཉམས་ལྡན་པའི་དཔེ་མཚོན། ཆེད་ལས་དབྱེ་ཞིབ་བཅས་ལ་བརྟེན་ནས་ལག་ལེན་ཁྲོད་ཀྱི་གནད་དོན་དང་མང་ཚོགས་ཀྱི་རེ་ཞུ་དེ་དཔྱད་གཞིར་འཛིན་ཆོག་པའི་ཐབས་ལམ་དང་ཇུས་གཞིར་བསྒྱུར་ཏེ། བོད་ཀྱི་ལས་དོན་གྱི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་དང་དོན་དངོས་ཀྱི་གཞི་འཛིན་ས་བརྟན་པོ་མཁོ་འདོན་བྱས་ཡོད།

ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེན་མོ་བ་དབྱང་ཤུས་ཨའེ་ཡིས་ད་ཆ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་གྱུར་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བཟང་པོ་དེ་དག་ཕྱོགས་བསྡོམས་དང་། འབྲི་བ། བརྒྱུད་སྤེལ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སྒྲིལ་སེམས་སྐྱེད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་གཏོད་རྒྱུར་སྔར་བས་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞེས་བཤད།

ད་ཐེངས་ཀྱི་གླེང་སྟེགས་མཇུག་འགྲིལ་མོད། འོན་ཀྱང་བློ་སྒྲིལ་སེམས་སྐྱེད་དང་མཐུན་སྒྲིལ་ཡར་བརྩོན་གྱི་དུང་བརྡ་གྲགས་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ད་ཐེངས་ཀྱི་གླེང་སྟེགས་འགོ་འཛུགས་ས་གསར་པར་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུ་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ས་མཐོའི་དྲོ་འཇམ་གྱི་ཉི་འོད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་ལྟར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་དུ་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་ངེས་རེད།

ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་མི་རིགས་ལས་དོན་ཁོའོ་ཡི་ཁོའོ་ཀྲང་རིམ་པ་བཞི་པའི་བརྟག་ཞིབ་པ་ཝུའུ་པོ་ཡིས། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 བློ་སྒྲིལ་སེམས་སྐྱེད་ཀྱིས་ལམ་བུ་གསར་པ་གཏོད། མཐུན་སྒྲིལ་ཡར་བརྩོན་གྱིས་འབྱུང་འགྱུར་ཕྱོགས་སུ་སྐྱོད 6 6 拉萨日报藏文 c209362.html 1 བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་མཇུག་འགྲིལ་བ།། /enpproperty-->