分享按钮

ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་སློབ་མས་ཉེ་འགྲམ་ནས་དམིགས་བསལ་ཉེན་རྟོག་པའི་ཉམས་འགྱུར་ལ་ཉམས་ལེན་བྱས་པ།

ཉེན་རྟོག་པའི་སྒར་སའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཟིན་ཐོ།

པར་འདི་ནི་དམིགས་བསལ་ཉེན་རྟོག་པས་བྱིས་པར་ཉེན་རྟོག་པའི་སྒྲིག་ཆས་འགྲེམས་སྟོན་བྱེད་བཞིན་པའི་རྣམ་པ་ཡིན།

ཉེ་ཆར། ལྷ་ས་སྣེའུ་ཁུལ་གསར་དུ་གནས་པའི་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་སྦྱོང་བརྡར་རྟེན་གཞིར་ནམ་རྒྱུན་གྱི་སྒམ་བརླིང་དང་འཇམ་ཐིང་ངེར་གནས་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་བདེ་འཇགས་ཉེན་མཆོང་གི་དགའ་ཚལ་དུ་གྱུར་ཡོད། ཉིང་ལག་རུ་ཁག་དེའི་ཉེན་རྟོག་པའི་སྒར་སའི་སྒོ་དབྱེའི་ཉིན་མོར་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་དགེ་སློབ་དང་ཁྱིམ་བདག་གི་འཐུས་མི་200ལྷག་ཙམ་གྱིས་དམིགས་བསལ་ཉེན་རྟོག་པའི་ཉམས་འགྱུར་ལ་ཉམས་ལེན་བྱས་ནས་གསོན་ཉམས་དོད་པའི་བདེ་འཇགས་སློབ་གསོའི་ལག་ལེན་སློབ་ཚན་ཞིག་ཉན་རྒྱུ་བྱུང་ཡོད།

གྱང་བརྒལ་རྩིག་མཆོངས་ཀྱི་དྲག་རྩལ་ལ་དགེ་སློབ་རྣམས་ཧང་སངས་པ།

གྲོགས་པོ་ཆུང་ཆུང་ཞིག་གིས་མགྱོགས་པོར་ལྟོས་དང་། སྡོམ་དང་གཅིག་པ་གཅིག་རྐྱང་རེད་འདུག་ཅེས་སྐད་ཅོར་བརྒྱབ་པ་དང་བསྟུན་ནས་མི་ཚང་མའི་མིག་ཟུང་སྦྱོང་བརྡར་ཐོག་ཁང་ཐོག་ཏུ་ཅེར། འཕྲལ་རྒོལ་རུ་ཆེན་གྱི་རུ་མི་གཟིག་ལྟར་མྱུར་བའི་སྒོ་ནས་ལག་པས་གྱང་ངོས་ཀྱི་འབར་འབུར་དང་ཆུ་འགྲོའི་སྦུ་གུར་འཐམ་ནས་ཡར་འཛེག་སྐབས་ཕྲུ་གུ་རྣམས་ཧང་སངས་པར་གྱུར། དེ་རྗེས་དེ་བས་མི་རྣམས་ཧ་སངས་དགོས་པའི་དྲག་རྩལ་ཞིག་འཁྲབ་སྟོན་བྱས་པ་རེད། ཐོག་བརྩེགས་ཁང་ཆེན་གྱི་ཐོག་ཏུ་འཕྲལ་རྒོལ་རུ་ཁག་གི་རུ་མི་ཚོས་ལྷ་དམག་གནམ་ནས་བབས་པ་ལྟར་ཐག་བཤུར་གློད་ཅིང་།རུ་མི་ཚོས་དཀའ་ཚེགས་ཆེ་དང་བདེ་ལྕག་འཁྱུག་པོའི་བྱ་སྤྱོད་ལ་བརྟེན་ནས་རྩལ་འགྲན་ར་བ་ཡོངས་ཀྱི་མི་རྣམས་ཡིད་སེམས་འགུལ་བར་བྱས་པས། ཕྲུ་གུ་ཚོས་དེ་འདྲའི་རྫིག་ཉམས་དོད་པ་ལགས་ཨ་ཁུ་ལགས་ཁྱེད་ངོ་མ་དཔལ་རྩལ་ཆེ་བ་ལ་ཨང་ཞེས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ཆི་ཡུང་ཁྲང་། ཉེན་རྟོག་པའི་སྒར་སའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ཟིན་ཐོ། 6 6 拉萨日报藏文 c209359.html 1 ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་སློབ་མས་ཉེ་འགྲམ་ནས་དམིགས་བསལ་ཉེན་རྟོག་པའི་ཉམས་འགྱུར་ལ་ཉམས་ལེན་བྱས་པ། /enpproperty-->