(པར་ངོས་དང་པོར་མཐུད)ཉེ་བའི་ལོ་ཤས་རིང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ནན་ཏན་དང་ཞིབ་ཚགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། ཕྱོགས་མི་ཏང་ཡོན་ཆིག་སྟོང་ལྷག་ཙམ་དང་ཐེམ་ཁུངས་སི་ཁྲོན་ནས་ཡིན་པའི་ལས་མི་ཁྲི་20ལྷག་ཙམ་ལ་ཞབས་འདེགས་དང་དོ་དམ་ནུས་ལྡན་བྱས་པ་དང་།ས་གནས་དེ་གའི་གཞི་རིམ་ཏང་རྩ་འཛུགས་དང་ཆ་སྒྲིག་མཉམ་སྐྲུན་ཧུར་ཐག་བྱས་པ། མང་ཚོགས་ལ་བྱ་བ་དངོས་དང་དཀའ་ངལ་སེལ་རོགས་ཏན་ཏིག་བཅས་བྱས་ནས་ཁྲོན་བོད་ས་གནས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ཕྱིས་འབྱུང་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚད་མཐོའི་མཐོང་ཆེན་དང་། ལྷག་བསམ་རྣམ་དག འབད་བརྩོན་ཆེ་ཤོས་བཅས་ཀྱི་སྒོ་ནས་མཉམ་ལས་སྤེལ་རེས་ལ་ཆ་རྐྱེན་བཟང་པོ་ཧུར་ཐག་བསྐྲུན་ཏེ་ད་ཐེངས་ཀྱི་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་དོན་འཁྱོལ་ནུས་ལྡན་ཐུབ་རྒྱུར་ནུས་ཤུཊ་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་མིག་དམར་ཚེ་རིང་གིས་གསུངས་དོན།2020ལོར་ས་གནས་གཉིས་དང་ཕྱོགས་བཞིའི་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་ལོ་5ཡི་རིང་།ལྷ་ས་གྲོང་ཨུད་རྩ་འཛུགས་པུས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ལ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་མངགས་གཏོང་བྱས་ནས་ཏང་ཡོན་གྱི་འཕེལ་རྒྱས་དང་རྩ་འཛུགས་གསོ་སྦྱོང་ལ་རོགས་རམ་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། ཕྱིས་འབྱུང་ལྷ་ས་གྲོང་ཁྱེར་གྱིས་འབྲེལ་གཏུགས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མིའི་ཏང་ཡོན་གྱི་སློབ་གསོ་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཕྱོགས་མིའི་ཏང་ཡོན།ཕ་ཡུལ་ནས་ཁ་བྲལ་ཡང་ཏང་དང་ཁ་མི་འབྲལ་བ་དང་ཕྱོགས་མིའི་ཏང་ཡོན་དང་ཁ་མི་འབྲལ་བ་བྱེད་དགོས་པར་མ་ཟད། ཕྱོགས་མིའི་ཏང་ཡོན་ཚོགས་སྤྱི་སྦྲེལ་ཐག་ཏུ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། ཤེས་ལྡན་པ་སྤེལ་རེས་སོགས་ཀྱི་ཐད་ས་གནས་གཉིས་པོའི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།
ཚོགས་འདུའི་ཐོག་ཁྲེང་ཏུའུ་གྲོང་ཨུད་རྩ་འཛུགས་པུའུ་དང་། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ། ཏ་དབྱི་རྫོང་ཨུད་རྩ་འཛུགས་པུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁག་སོ་སོར་སྤེལ་རེས་གཏམ་བཤད་གནང་བ་རེད། ཁྲེང་ཏུའུ་གྲོང་ཁྱེར་གྱི་སྐོར་སྐྱོད་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་སྙན་སེང་ཞུས་པ་རེད།
ཚོགས་འདུའི་ཐོག་ད་དུང་གསར་དུ་བཟོ་བཅོས་བརྒྱབ་པའི་ཁྲོན་བོད་ས་ཁུལ་གཉིས་དང་ཕྱོགས་བཞིའི་མཉམ་ལས་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
སི་ཁྲོན་དངུལ་ཁང་ཁྲེང་ཏུའུ་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་སྐོར་སྐྱོད་ཏང་ཡོན་བོད་ལྗོངས་ཏང་ཨུད་དང་ཏང་འཛུགས་སྐྱོང་གི་མཉམ་སྐྲུན་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社