(པར་ངོས་དང་པོར་མཐུད)རིག་གནས་བར་ཁྱམས། བྱིས་པའི་མཛའ་གྲོགས་མཉམ་འགུལ་ཁུལ་སོགས་ཀྱི་གཞི་རྟེན་བརྒྱུད་ས་གནས་དེ་གའི་གཉིས་བཀུར་མཉམ་སྐྲུན་གྱི་གྲུབ་འབྲས་དང་རྒྱལ་སྲུང་སྐུལ་སློང་གི་ཤེས་བྱ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེ་ནི་རྒྱལ་གཅེས་རིང་ལུགས་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་གཡུལ་ས་གལ་ཆེན་ཞིག་ཡིན་ལ་དམག་དམངས་རྒྱུན་གཏན་གྱི་སྤེལ་རེས་མཉམ་སྤྱོད་ཀྱི་བྱེད་སྒོའི་བར་མཐོངས་ཤིག་ཀྱང་རེད།
ཀྲའོ་ཧུའེ་ཉན་གྱིས་གསུངས་དོན།ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གཉིས་བཀུར་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་དམིགས་པ་དང་། ཐོན་ཁུངས་སྤྱི་འདོམས་དང་དམག་དཔུང་དང་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ད་ལྟ་དམག་དཔུང་ནང་དངོས་སུ་དམག་ཞབས་བྱེད་བཞིན་པའི་དམག་མི་དང་དམག་ཞབས་ཐིམ་པའི་དམག་མིར་གནད་སྨིན་གྱི་ཞབས་འདེགས་ཞུ་བ། བུ་ཕྲུག་གི་སློབ་གསོ་དང་། ནང་མིའི་ལས་ཞུགས། ཕ་མའི་རྒན་གསོ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། བཀོད་སྒྲིག་དང་། ལས་ཞུགས། གཟིགས་སྐྱོང་། རོགས་སྐྱོར་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དཔུང་སྡེས་ལེགས་ཆ་འདོན་སྤེལ་དང་ས་གནས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མང་ཚོགས་ལ་རོགས་སྐྱོར། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་འབུལ་དགོས།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་གྲོང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་སྒྱུར་བཅོས་གསར་གཏོད་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྲིད་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གཉིས་བཀུར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社