分享按钮

2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བདེ་བླག་ངང་མཇུག་འགྲིལ་བ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུང་ལིའུ་ཀྲུའུ་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

ཞོགས་པའི་ཆུ་ཚོད་8པ་མ་ཟིན་གོང་། འགྲན་ལམ་གྱི་གཡས་གཡོན་དུ་མང་ཚོགས་དང་འགྲན་ཞུགས་ལུས་རྩལ་པས་ཁེངས་ཤིང་། ཁོང་ཚོས་ཚོན་ཁྲ་ཅན་གྱི་དར་ཆ་གཡུག་གཡུག་བྱེད་པ་དང་། ངར་ཤུགས་སློང་བའི་སྐད་རྒྱག་པར་མ་ཟད། ལུས་རྩལ་པ་རྣམས་ཀྱིས་རྐང་ལག་སྐྱོང་ཤད་བྱེད་བཞིན་གྲ་སྒྲིག་གི་སྦྱོང་བརྡར་བྱེད་པ། དེ་བཞིན་དྲན་རྟེན་པར་ལེན་པ་སོཊ་ལས་འགྲན་བསྡུར་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་རྟོགས་ཐུབ།

འགྲན་བསྡུར་བདེ་བླག་ཡོང་བར་འགན་ལེན་བྱ་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་། ཚོགས་ཆུང་ཁག་གི་ལས་བགོས་ཁ་གསལ་བ་དང་རང་རང་གི་འགན་འཁྲི་བསྒྲུབས་པར་མ་ཟད། གཞོགས་འདེགས་དམ་ཟབ་བྱས་ནས་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་མཁོ་འདོན་བྱས་ཡོད།

སྔ་དྲོའི་ཆུ་ཚོད་9པར། སྙན་ཞིང་འཇེབས་པའི་རོལ་དབྱངས་གྲགས་པ་དང་བསྟུན་ནས་ལུས་རྩལ་པ་རྣམས་རླབས་རྒྱུན་ལྟར་མདུན་ཕྱོགས་སུ་བརྒྱུགས་ནས་གཅིག་རྗེས་གཅིག་གིས་སྙེག་པའི་འགོ་བརྩམས། སྤྱི་ལེ་21.0975ཡི་འགྲན་ལམ་ཐོག་འབད་བརྩོན་གྱི་རྔུལ་ཆུ་གཏོར། 2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དེ་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་མཐུན་ཚོགས་ཀྱིས་ཁས་ལེན་དཔང་འདོན་གནང་བའི་A1འགྲན་བསྡུར་ཞིག་ཡིན་པའི་ངོས་ནས་གྲུབ་འབྲས་ཐོབ་པའི་ངང་སྐབས་ལྔ་བདེ་བླག་ངང་གཉེར་བ་རེད། ཐུན་མོང་མ་ཡིན་པའི་ས་མཐོའི་མཛེས་ལྗོངས་དང་ཕོ་བྲང་པོ་ཏ་ལའི་IPཡི་ལེགས་ཆར་བརྟེན་ནས་2018ལོའི་མི་གྲངས་3000གི་གཞི་ཁྱོན་ནས་ད་ལྟའི་མི་གྲངས་7000གི་གཞི་ཁྱོན་བར་རིམ་བཞིན་འཕར་ཡོད།

འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། དོན་གྲུབ་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་13དང་སྐར་ཆ་58ཀྱི་ཐོག་ནས་སྐྱེས་པའི་ལམ་ཕྱེད་མར་སུན་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། གཡང་འཛིན་ལྷ་མོས་ཆུ་ཚོད་1དང་སྐར་མ་22དང་སྐར་ཆ་49ཡི་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།

བསོད་ནམས་རྡོ་རྗེས་སྐར་མ་37དང་སྐར་ཆ་17གྱི་ཐོག་ནས་སྐྱེས་པའི་སྤྱི་ལེ་10ཡི་མྱུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ངག་དབང་ལྷག་སྒྲོན་གྱིས་སྐར་མ་50དང་སྐར་ཆ་32ཀྱི་ཐོག་ནས་བུད་མེད་ཚོགས་ཆུང་གི་སྤྱི་ལེ་10ཡི་མྱུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 6 6 拉萨日报藏文 c208815.html 1 2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བདེ་བླག་ངང་མཇུག་འགྲིལ་བ། /enpproperty-->