分享按钮

གྲོང་ཁྱེར་སྲིད་གྲོས་གཞུང་དོན་ཁང་ལས་ཁུངས་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་གྱི་ ཚོགས་ཆེན་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྲིད་གྲོས་གཞུང་དོན་ཁང་ལས་ཁུངས་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་གྱི་ཚོགས་ཆེན་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག གྲོང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་དང་མཐོ་རིམ་འཆད་ཁྲིད་དགེ་རྒན་ལིའུ་ཆིའུ་ཏུའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་གལ་ཆེན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཚང་མར་ཆེད་དོན་ཟུར་ཁྲིད་བྱས་ཏེ་ལས་ཁུངས་ཀྱི་ཏང་ཡོན་ཡོངས་ལ་བསམ་བློའི་སྦྱོང་བརྡར་དང་ཏང་གཤིས་སློབ་གསོ་གཏིང་ཟབ་ཐེབས་པར་བྱས་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ད་ཐེངས་ཀྱི་ཟུར་ཁྲིད་གོ་སྐབས་སུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་ཡོངས་ཀྱི་ལྟེ་གནས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོ་དང་ཕན་འབྲས་དངོས་ལ་འགྱུར་བར་བྱས་ཏེ་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 6 6 拉萨日报藏文 c208809.html 1 གྲོང་ཁྱེར་སྲིད་གྲོས་གཞུང་དོན་ཁང་ལས་ཁུངས་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་གྱི་ ཚོགས་ཆེན་འཚོགས་པ། /enpproperty-->