分享按钮

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡན་ཨན་གྱི་སྙིང་སྟོབས་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡན་ཨན་གྱི་སྙིང་སྟོབས་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭར་སྤེལ་བ་དང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་འཐུས་མི་མཉམ་དུ་འཛོམས་ནས་ནན་ཏན་ངང་ཉན་པ་དང་བསམ་བློའི་ཞུན་བརྡར་ཉམས་ལེན་བྱས་པ་རེད།

སྒྲོག་འགྲེལ་གྱི་བྱེད་སྒོ་དེ་གཙོ་འཛིན་གྱི་ཐུགས་ཁུར་གྱིས་གངས་ལྗོངས་ལ་དྲོ་སྐྱིད་སྦྱིན་ཞིང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་ནས་ས་མཐོར་དཔལ་ཡོན་རྒྱས་པ་དང་། ལྷ་སར་འབད་འབུངས་ཀྱི་རྣམ་པ་གསར་པ་བཏོད་དེ་གླུ་ལེན་གར་འཁྲབ་བྱས་ནས་དེང་གི་དུས་འདིར་བསྟོད་གླུ་འབུལ། ཡན་ཨན་གྱི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་གྱིས་གསར་བརྗེའི་སྙོང་སྟོབས་མཐའ་མཚམས་ཡོངས་ལ་ཕྱོགས་བཅས་ལེའུ་གསུམ་དུ་ཕྱེ་ཡོད། སྔ་རྗེས་སུ་བརྙན་ཐུང་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་བའི་རིང་གི་རྩ་ཆེའི་སྐད་ཅིག་དུས་སྐབས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡན་ཨན་གསར་བརྗེའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བའི་བྱེད་སྒོའི་དངོས་མཚོན་གློག་བརྙན་ལ་བལྟས་པ་རེད། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་སྤྱི་པའི་དོ་དམ་སློབ་དཔྱོད་ཁང་གི་ཀྲུའུ་རེན་བསོད་ནམས་བསྟན་འཛིན་གྱིས་ཕྲུ་གུ་ཚོས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཉེ་འགྲམ་གྱི་བྱ་བ་ནས་འགོ་བཙུགས་ཏེ་སྒྲོག་འགྲེལ་བྱས་ཤིང་།སྒྲོག་འགྲེལ་གྱི་ནང་དོན་ཕྲུ་གུ་ཚོའི་སེམས་ནང་དངོས་འབྲེལ་ཟུག་པར་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭའི་སློབ་མ་ཀྲང་ཧན་ཡུས་ཀྱིས་ལོ་རིམ་དྲུག་པའི་སློབ་མ་ཞིག་གི་ངོས་ནས་ངས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད། སླད་ཕྱིན་ངས་དུས་ཚོད་དམ་འཛིན་བྱེད་པ་དང་། ཤེས་བྱ་སྦྱོང་རྒྱུར་ཧུར་བརྩོན་བྱེད་པ། རང་འགུལ་ངང་གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་བཅས་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་གྲོན་ཆུང་བསྲི་ཚགས་བྱས་ནས་འབྱུང་འགྱུར་དེ་བས་མཛེས་པའི་ཕ་ཡུལ་དང་དེ་བས་སྟོབས་འབྱོར་ལྡན་པའི་མེས་རྒྱལ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སྒྲོག་འགྲེལ་བྱེད་རིང་། 《ཕུགས་འདུན་མི་བརྗེད་པ》དང་། 《གངས་ལྗོངས་ཀྱི་བྱིས་པའི་གྱེར་འདོན་ལེའུ》 《སྐལ་བཟང་མེ་ཏོག་བཞད་ནས་འབྱུང་འགྱུར་ལ་ཕྱོགས》 《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ》ཞེས་པ་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་བརྒྱུད་བསྒྲགས་བྱས་པར་མ་ཟད། གངས་ལྗོངས་ས་མཐོར་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གཡུར་ཟའི་གྲུབ་འབྲས་དེ་བས་གསོན་ཉམས་དོད་པོའི་སྒོ་ནས་མངོན་པར་བྱས་ཡོད་ལ། དཀའ་སྤྱད་འབད་འཐབ་དང་བློ་གཅིག་སེམས་གཅིག་གིས་ཡན་ཨན་གྱི་སྙིང་སྟོབས་དེ་དགེ་སློབ་ཚོའི་སེམས་ནང་ཟུག་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་བསམ་བློ་ཆབ་སྲིད་གཞུང་དོན་ཁང་གི་ཀྲུའུ་རེན་རྣམ་རྒྱལ་ཆོས་འཕེལ་གྱིས་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་དེ་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་ཐུགས་རེ་ཟབ་མོ་དེ་རྒྱུན་གཏན་གྱི་སློབ་ཁྲིད་ལ་འབད་བརྩོན་བྱེད་པའི་སྒུལ་ཤུཊ་ཆེན་པོ་ཞིག་ཏུ་བསྒྱུར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་གྲྭའི་ནང་རྩ་བ་ཚུཊ་པར་བྱ་རྒྱུ་ཡིན་ཞེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 6 6 拉萨日报藏文 c208808.html 1 /enpproperty-->