分享按钮

ལྷ་སའི་ཚོང་ཟོག་སྤུས་ལེཊ་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་སའི་ཚོང་ཟོག་སྤུས་ལེགས་ཀྱི་གྲགས་རྟགས་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བོད་ཀྱི་ཚོང་ཟོག་བོད་ནས་ཕྱིར་ཐོན་རྒྱུར་རམ་འདེགས་བྱེད་པ། ཐོན་རྫས་ཁྲོམ་རའི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། གྲགས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉིན་ཤས་གོང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའི་རྒྱབ་སྐྱོར་འོག གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཇུས་འགོད་ཞིབ་ཚགས་བྱས་ནས་བཏོད་པའི་ལྷ་སའི་ཚོང་ཟོག་སྤུས་ལེགས་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞིའི་སྒོ་བྱང་བཀལ་ནས་དངོས་སུ་གཉེར་སྐྱོང་བྱས་ཤིང་།

ལྷ་སའི་ཚོང་ཟོག་སྤུས་ལེགས་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་ཐོག་བསྐྱོར་རྒྱུར་ལས་སྟེགས་གསར་པ་བསྐྲུན་ཡོད།

ལྷ་སའི་ཚོང་ཟོག་སྤུས་ལེགས་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་དེ་སྣེའུ་གྲོང་ཁྱེར་མ་འཇོག་ཐོག་ཁང་གི་ནུབ་རྒྱུད་ཞོར་གཏོགས་ཐོག་བརྩེགས་ཁང་ཆེན་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1300ཡོད་ཅིང་།

ཁྱོན་ཐོག་སོ་གསུམ་དུ་ཕྱེ་ཡོད་པ་དང་། ནུས་པའི་བཀོད་པ་ལུགས་དང་མཐུན་པ་ཞིག་ཡོད། ཐོག་སོ་དང་པོར་ཐོན་རྫས་འགྲེམས་ཁུལ་ཡོད་པ་དང་། ལྷ་སའི་ཁྱད་ལྡན་ཚོང་ཟོག་སྣ་ཚོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས། ལྟ་སྐོར་དང་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 6 6 拉萨日报藏文 c208803.html 1 ལྷ་སའི་ཚོང་ཟོག་སྤུས་ལེཊ་དང་མཁོ་ཚོང་ཞིང་སྐྱོར་ཟུང་དུ་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུཊ་པ། /enpproperty-->