分享按钮

ཁྲོན་བོད་ས་ཁུལ་གཉིས་དང་ཕྱོཊ་བཞིའི་གཞི་རིམ་ཏང་འཛུཊ་སྐྱོང་གི་མཉམ་ལས་མཉམ་སྐྲུན་གྱི་བཞུཊ་མོལ་ཚོཊ་འདུ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ཁྲོན་བོད་ས་གནས་གཉིས་དང་ཕྱོགས་བཞིའི་གཞི་རིམ་ཏང་འཛུགས་སྐྱོང་གི་མཉམ་ལས་མཉམ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ས་གནས་གཉིས་དང་ཕྱོགས་བཞིའི་གཞི་རིམ་ཏང་འཛུགས་སྐྱོང་མཉམ་ལས་མཉམ་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་དང་སྦྲགས་འབྲེལ་ཡོད་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཁྲོན་བོད་ས་གནས་གཉིས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་མཉམ་ལས་མཉམ་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལུའེ་ཡེ་ཧུའེ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་ཁྲེན་རེན་ཕེ་ཚོགས་འདུར་ཕེབས་ཡོད་པ་རེད།

ལུའེ་ཡེ་ཧུའེ་ཡིས་གསུངས་དོན།སི་ཁྲོན་དང་བོད་ལྗོངས་ཕན་ཚུན་དབར་རི་ཆུས་སྦྲེལ་ཞིང་། མི་ཆོས་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་དང་། མེས་རྒྱལ་གྱི་ལྷོ་ནུབ་ཁུལ་དུ་མཉམ་དུ་གནས་པ་བཅས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན། འབྱུང་ཁམས་བདེ་འཇགས།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཐུན་མོང་ཐོག་ཁུར་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 6 6 拉萨日报藏文 c208802.html 1 ཁྲོན་བོད་ས་ཁུལ་གཉིས་དང་ཕྱོཊ་བཞིའི་གཞི་རིམ་ཏང་འཛུཊ་སྐྱོང་གི་མཉམ་ལས་མཉམ་སྐྲུན་གྱི་བཞུཊ་མོལ་ཚོཊ་འདུ་འཚོཊ་པ། /enpproperty-->