分享按钮

ལས་ཀའི་བརྒྱུད་རིམ་ཧྲིལ་པོར་སྤྱི་ཚོགས་ལས་དོན་པའི་ དཔུང་ཁག་རྩེ་གྲ་ཞིག་བཏོད་པ།

ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཁོངས་གཏོགས་ཁུལ་གྱི་བཅོས་སྐྱོང་གི་དོན་དངོས་ལ་གཞི་ཚུགས་པ་དང་། སྡེ་ཁུལ་གྱི་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་གི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། གནད་སྨིན་བསྡུ་ལེན་དང་། འབེན་དམིགས་ཀྱི་ནུས་པ་འདོན་པ། ལམ་སྲོལ་གསར་གཏོད། སྦྲེལ་ཐག་ཧྲིལ་པོའི་ལས་རིགས་འཕེལ་རྒྱས་ཀྱི་མ་ལག་འཛུགས་པ་བཅས་བྱས་པ་བརྒྱུད། སྡེ་ཁུལ་གྱི་ལས་དོན་པའི་དཔུང་ཁག་ཚན་རིག་ཅན་དང་། ཆེད་ལས་ཅན། ཚད་ལྡན་ཅན། ལས་རིགས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་འདེགས་སྐྱོར་བྱས་ཡོད།

གནད་སྨིན་བསྡུ་ལེན་ཐད། “འཛུལ་སྒོའི”འགག་སྒོ་ནན་པོར་བསྲུངས་ནས་དཔུང་ཁག་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

སྡེ་ཁུལ་གྱི་ལས་དོན་པ་ནི་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་སྤྱི་ཚོགས་ལས་དོན་དཔུང་ཁག་གི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཁྲེང་ཀོན་ཆུས་ཀྱིས་ལེགས་འདེམས་ཞན་དོར་གྱི་རྩ་དོན་དེ་སྡེ་ཁུལ་གྱི་ལས་དོན་པའི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ནང་ཁྱབ་པར་བྱས་ཏེ་མི་འབོར་གྱི་གཞི་ཁྱོན་དང་། སྡེ་ཁུལ་གྱི་རིགས། བཅོས་སྐྱོང་དཀའ་ཚད་བཅས་ལ་གཞིགས་ནས་མི་གྲངས་1315ཞིབ་བཤེར་གཏན་འཁེལ་བྱས་ནས་ལོ་35མན་དང་། ཆེད་ཚན་སློབ་གྲྭ་ཆེན་མོ་ཡན། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་ཚད་གཞི་ནན་པོ་བཟོས་པ་དང་། དུས་མཚུངས་སུ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་48གོ་རིམ་ལྟར་ལས་སྒྱུར་བྱས་པ་རེད། 2023ལོ་ནས་བཟུང་ཁག་གསུམ་ལ་དབྱེ་ནས་ཆེད་བསྐོས་སྤྱི་ཚོགས་ལས་དོན་པ་880གནད་སྨིན་བསྡུ་ལེན་བྱས་པས་དེས་འབྱུང་རྩ་ནས་སྤྱི་ཚོགས་ལས་དོན་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་ཕྱིན་ཡོད།

ལས་ཀར་ཞུགས་རྗེས། ཚོད་ལྟའི་དུས་ཡུན་གྱི་འགུལ་རྣམ་དཔྱད་ཞིབ་ལག་བསྟར་བྱས་ནས་ཀུན་སྤྱོད་དང་། འཇོན་ནུས།ལས་བརྩོན།སྤྱོད་གཙང་བཅས་ལ་དམིགས་ཏེ། ཁྲོམ་གཞུང་དང་། སྡེ་ཁུལ། གྲོང་མི་བཅས་ཕྱོགས་གསུམ་ནས་སྐར་མ་བརྒྱབ་སྟེ།འཇོན་ཐང་ཅན་བཀོལ་སྤྱོད་དང་འཇོན་ཐང་མེད་པའི་མི་སྣ་ལས་གནས་ནས་ཕྱིར་འཐེན་བྱ་རྒྱུ་དེ་རྒྱུན་རྣམ་དུ་འགྱུར་བར་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་འགུལ་ནུས་རྒྱུན་མཐུད་ངང་འཕེལ་བར་བྱས་ཡོད། གཞན་ཡང་ཁྲེང་ཀོན་ཆུས་ཀྱིས་ལེགས་འདེམས་ཞན་དོར་ལྟེ་བར་བྱས་ཏེ་མི་གྲངས་གཏན་འཁེལ་དང་། མི་སྣ་འདེམས་སྒྲུག འགུལ་རྣམ་དོ་དམ་བཅས་ཀྱི་ལྷུ་ཚིགས་ལ་སྟངས་འཛིན་ནན་པོ་བྱས་པ་རེད།

འབེན་དམིགས་ཀྱི་ནུས་པ་འདོན་པའི་ཐད། སྐྱེད་སྲིང་སྦྲེལ་ཐག་བཙུགས་ནས་ཆེད་ལས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

གཞི་རིམ་བཅོས་སྐྱོང་གི་རྣམ་པ་སྣ་མང་རྙོག་འཛིང་ཆེ་བས་སྡེ་ཁུལ་གྱི་ལས་དོན་པའི་ཆེད་ལས་ནུས་པར་བླང་བྱ་ངེས་ཅན་ཞིག་ཡོད། གཞི་རིམ་བཅོས་སྐྱོང་གི་རྣམ་པ་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བའི་འགྲན་སློང་གསར་པའི་མདུན་དུ་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་ལས་དོན་པས་ལས་སྒོ་ཤེས་པ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། སྐལ་བཟང་ལྷུན་གྲུབ། ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ། 6 6 拉萨日报藏文 c208804.html 1 ལས་ཀའི་བརྒྱུད་རིམ་ཧྲིལ་པོར་སྤྱི་ཚོགས་ལས་དོན་པའི་ དཔུང་ཁག་རྩེ་གྲ་ཞིག་བཏོད་པ། /enpproperty-->