ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་2025ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དེ་བོད་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་རྒྱུགས་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲན་རྒྱུག་པ་7000ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཏེ་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དང་། ཁྱད་ཆོས་ལྡན་པའི་མི་ཆོས། རང་བྱུང་མཛེས་ལྗོངས་བཅས་ལ་མྱོང་རོལ་བྱེད་བཞིན་རང་རང་གི་ལུས་སེམས་གཉིས་ལ་ཞུན་བརྡར་བྱས་ཡོད།
ཐེངས་འདིའི་འགྲན་བསྡུར་དེ་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་ལེན་དཔང་འདོན་གནང་བ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་སྒྲུབ་འགན་འཁུར་བ། ཁྲེང་ཏུའུ་ཀྲུང་གོའི་ལུས་རྩལ་བདེ་ཐང་ཆེན་པོའི་ལུས་རྩལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་ལག་ལེན་བསྟར་བ་རེད། འགྲན་བསྡུར་དེ་ལམ་ཕྱེད་མར་སུན(སྤྱི་ལེ་21.0975)དང་། མྱུར་རྒྱུག(སྤྱི་ལེ་10) བདེ་ཐང་འགྲན་རྒྱུག་ཤར(སྤྱི་ལེ་5)བཅས་ཚོགས་ཆུང་ཁག་གསུམ་ལ་དབྱེ་ཞིང་། དེའི་ནང་ལམ་ཕྱེད་མར་སུན་འགྲན་རྒྱུག་པ་མི་3000དང་། མྱུར་རྒྱུག་པ་མི་500 བདེ་ཐང་འགྲན་རྒྱུག་པ་མི་3500བཅས་ཡོད། རྣམ་གྲངས་དེ་ཚང་མའི་འགོ་ཚུགས་ས་ནི་བོད་རང་སྐྱོང་ལྗོངས་ཚོགས་འགྲེམས་ལྟེ་གནས་ཡིན་པ་དང་། ལམ་ཕྱེད་མར་སུན་འགྲན་རྒྱུག་གི་མཐའ་མའི་མཚམས་ཐིག་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། མྱུར་རྒྱུག་གི་མཐའ་མའི་མཚམས་ཐིག་ནི་གཙང་འགྲམ་ལུས་རྩལ་སྤྱི་གླིང་། བདེ་ཐང་རྒྱུག་ཤར་གྱི་མཐའ་མའི་མཚམས་ཐིག་ནི་སྐུ་འབུམ་ཐང་ལམ་བཅས་ཡིན་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཀྲང་མེང་ཀྲི།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社