ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་དང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དང་ཉིང་ཁྲི་གྲོང་ཁྱེར་ཡིག་ཚགས་ཁང་སོགས་ཚན་པ་12ཀྱིས་སྐབས་གཉིས་པའི་ཡིག་ཚགས་རིག་གནས་གསར་གཏོད་དང་ལོ་རྒྱུས་རི་མོའི་ཉིང་ཁྲི་ཞེས་པའི་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་བགྲོ་གླེང་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་གསར་གཏོད་ཇུས་འགོད་དང་རིག་གཞུང་ཞིབ་འཇུག་གི་རེས་སྐོར་གཉིས་ལ་བརྟེན་ནས་ཡིག་ཚགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡག་པོ་བཞི་དང་ཞབས་ཞུ་གཉིས་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལྡན་པའི་གསར་བརྗེའི་ཡིག་ཚགས་ཉར་ཚགས་ཡག་པོ་དང་བེད་སྤྱོད་ཏན་ཏིག་བྱས་ནས་གངས་ལྗོངས་ས་གཞི་ཆེ་མོའི་འགྱུར་ལྡོག་ཆེན་མོ་ཟིན་ཐོར་འགོད་པའི་ཁྱད་ལྡན་ཡིག་ཚགས་སྔོག་འདོན་ཡག་པོ་དང་རྒྱས་བཤད་བྱས་པ་རེད། འགྲན་བསྡུར་ཆེན་མོ་འགོ་ཚུགས་ཚུན། རྒྱལ་ཡོངས་ནས་ཁྱོན་བརྩམས་ཆོས་40བསྡུ་རུབ་བྱས་པ་དང་། རིགས་གཅིག་མཁས་ཅན་གྱིས་ཐོག་མའི་ཞིབ་དཔྱད་དང་།བསྐྱར་ཞིབ་དང་དེ་བཞིན་དྲ་རྒྱའི་འདེམས་ཤོག་འཕེན་པའི་ལྷུ་ཚིགས་བརྒྱུད། མཐར་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་4 བྱ་དགའ་རིམ་པ་གསུམ་པ་5 དེ་བཞིན་གསར་གཏོད་ཡག་ཤོས་ཀྱི་བྱ་དགའ་དང་། ཇུས་འགོད་གསར་གཏོད་ཀྱི་བྱ་དགའ། དྲ་རྒྱའི་མི་གཤིས་ཀྱི་བྱ་དགའ ཕུལ་བྱུང་གི་བྱ་དགའ་བཅས་བདམས་པ་རེད། ཚོགས་ཞུགས་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་ལ་བྱ་དགའི་བུམ་པ་དང་། བྱ་དགའི་རྟགས་མ་སྤྲད་པ་དང་། ཁ་བཏཊ་བསྒྲོན་ནས་ཚང་མར་ཡང་འབད་བསྐྱར་འབད་དང་ཡིག་ཚགས་ཀྱི་རིག་གནས་གསར་གཏོད་ལ་མུ་མཐུད་དོ་ཁུར་བྱས་ནས་རིག་གནས་གསར་གཏོད་ཀྱི་བརྩམས་ཆོས་རྩེ་གྲ་མང་ཙམ་འདོན་དགོས་པའི་ལྕག་སྐུལ་བྱས་པ་རེད།
བྱེད་སྒོའི་ནང་ཀྲུང་གོ་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ལྟ་ཞིབ་ལྷན་ཚོགས་ཀྱི་ལྟ་ཞིབ་དཔོན་ཀྲང་ཡུས་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་འགྲན་ཞུགས་བདམས་ཐོན་པ་སོ་སོས་སྤེལ་རེས་གཏམ་བཤད་བྱས་པ་དང་འབྲེལ་ཚོགས་ཞུགས་སྐུ་མགྲོན་དང་བགྲོ་གླེང་གཏིང་ཟབ་ཀྱང་བྱས་པ་རེད། ཚང་མས་ཡིག་ཚགས་ནི་ལོ་རྒྱུས་ཉར་ཚགས་དང་། སྲིད་སྐྱོང་།མི་སྣ་གསོ་སྐྱོང་བཅས་ཀྱི་ཐོག་མའི་དཔང་འཛིན་ཞིག་ཡིན་པར་མ་ཟད། བོད་དར་དམངས་ཕྱུག་གི་དམིགས་བསལ་ཐོན་ཁུངས་ཤིག་ཀྱང་ཡིན་པས་ཡིག་ཚགས་དང་རིག་གནས་གསར་གཏོད་འཕེལ་རྒྱས་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ།རིན་ཐང་གི་སྟོན་ཕྱོགས་དང་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིཊ་ས་འཛུཊ་སྐྱོང་དམིགས་ཚད་དུ་བྱེད་པའི་འཕེལ་རྒྱས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། གྲངས་གཞི་ཅན་དང་། རྣམ་པ་ཅན། IPཅན་གྱི་བྱ་ཐབས་བཅས་གཅིག་གྱུར་སྤྱད་དེ་ཡིག་ཚགས་དང་རིག་གནས་གསར་གཏོད་ཀྱི་མཉམ་འདུས་སྦྲེལ་ཐག་གཏོད་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社