(པར་ངོས་དང་པོར་མཐུད)དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་། བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ཆེད་དོན་ཚོགས་པ་བཅས་ཀྱིས་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་ཐད་སྙན་སེང་མདོར་བསྡུས་ཞུས་པ་རེད། ཁྲེང་ཀོན་ཆུས་དང་། གནའ་གྲོང་དོ་དམ་ཨུ་ལྷན་གྱིས་གནས་ཡུལ་གཏན་འཁེལ་མེད་པའི་ཚོང་པ་བཅོས་སྒྲིག་བྱས་ཚུལ་གཙོ་གནད་ཐོག་སྙན་སེང་ཞུས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་རིམ་ཁག་ཚན་པ་ཁག་གིས་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཤུགས་སྣོན་རྒྱག་དགོས་པ། དུས་བབ་གསར་པའི་འོག་གི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་གནད་སྨིན་ངང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ཆ། ཤེས་དཔལ། བློ་གྲོས་བཅས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཏེ། དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་འགན་འཁྲི་ཁུར་ཤུགས་ཆེ་རུ་བཏང་ནས་རང་འགན་གཙང་སྒྲུབ་ཀྱི་ཚད་གཞི་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་ཆབས་ཅིག་ཏུ་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་པ་དང་། གོམ་སྟབས་སྤོ་སྟངས་ལག་ལེན་ཧུར་ཐག་བསྟར་བ། འཐབ་ས་མདུན་མར་བསྐྱོད་པ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་བཅོས་སྐྱོང་གི་ཟང་ཟིང་གི་རྣམ་པ་དུས་ཐོག་ཏུ་ཤེས་རྟོགས་དང་། བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱེད་པ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社