(པར་ངོས་དང་པོར་མཐུད)ནུས་པའི་རང་བཞིན་དང་མཛེས་ཉམས་རང་བཞིན་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་དགོས་པ། གྱང་སོགས་བར་མཐོངས་ཀྱི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱད་དེ་མི་རིགས་ཁག་གི་རིག་གནས་འདི་གར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཕྱོགས་མང་པོའི་ཐད་ནས་མངོན་པར་བྱེད་དགོས། མྱུར་ཚད་མགྱོགས་སུ་གཏོང་དགོས་ཤིང་། དེ་ཡང་རྣམ་གྲངས་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་འོས་སྐུལ་འོས་དཔོད་དང་ཨར་ལས་སོགས་ཀྱི་ལྷུ་ཚིགས་ལ་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་ལས་མི་སྤྱོད་པ་དང་། ཆུ་སྤྱོད་པ། གློག་སྤྱོད་པ། སོལ་རླངས་སྤྱོད་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའོ་འགན་ལེན་ཡག་པོ་བྱེད་དགོས་པ། དུས་ཚོད་དང་མཚམས་ཚིགས་ལ་ཞིབ་བསྡུར་བྱས་ཏེ། ལས་ཡུན་ལྡོག་སྒྲིག་དང་། འཆར་འགོད་ཀྱི་ས་ཁྲ་བཀལ་ནས་ཨར་སྐྲུན་བྱེད་པ། ལས་ཕྱོད་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ལེགས་ཀྱི་ལས་གྲྭ་ལས་མཇུག་འགྲིལ་བའི་འགན་ལེན་བྱེད་པ་དང་མང་ཚོགས་རྣམས་ལ་སྔ་ཙམ་ནས་སྒྱུར་བཀོད་ཀྱི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། སྤུས་ཚད་ཉམས་སད་ཐེག་ཐུབ་པར་བྱེད་དགོས་ཤིང་། དེཡང་སྤུས་ཚད་ཉམས་སད་ཐེག་ཐུབ་པར་བྱེད་པ་ནི་ལས་གྲྭའི་སྲོག་རྩ་ལྟ་བུ་ཡིན། ཚན་པ་ཁག་གིས་ལས་གྲྭའི་སྤུས་ཚད་ཀྱི་འགན་འཁྲི་དེ་ཚན་པ་དང་། ལས་གནས། གསལ་ཐོ་བཅས་སུ་དོན་འཁྱོལ་བྱས་ཏེ། འཛུགས་སྐྲུན་དང་། ཨར་ལས། ལྟ་སྐུལ་དོ་དམ། ཇུས་འགོད་སོགས་ཕྱོགས་ཁག་གི་འགན་འཁྲིའི་དབྱེ་མཚམས་ཁ་གསལ་བཟོ་བ་དང་། འོས་སྐུལ་འོས་དཔོད་ཀྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། སྤུས་ལེགས་རྒྱུ་ཆ་ཚད་གཞི་དང་ལྡན་པའི་སྒོ་ནས་འདེམས་སྤྱོད་བྱེད་པ། ལས་གྲྭའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྒྱུ་འཕྲི་སླ་བཅོས་དང་སྒྲིག་འགལ་ངང་བཀོལ་སྤྱོད་བྱེད་པར་ཐར་པ་གཏན་ནས་མི་གཏོང་བ་བཅས་བྱས་ནས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་བདེ་འཇགས་ཀྱི་ལས་གྲྭ་དང་། སྤུས་ལེགས་ཀྱི་ལས་གྲྭ། ལས་གྲྭ་རྩེ་གྲ་བཅས་གཏོད་རྒྱུ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社