分享按钮

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ་ ཆེད་དོན་ཟུར་ཁྲིད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་18ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་མཐོ་རིམ་འཆད་ཁྲིད་དགེ་རྒན་པ་སངས་སྒྲོལ་མ་གདན་དྲངས་ནས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ་ཆེད་དོན་ཟུར་ཁྲིད་བྱེད་དུ་བཅུག་པ་རེད།

འཆད་ཁྲིད་ནང་པ་སངས་སྒྲོལ་མས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ》ཞེས་པ་གཙོ་དོན་དུ་བྱས་ཏེ། ཕྱོགས་གསུམ་གྱི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིཊ་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་ནང་དོན་གཏིང་ཟབ་པ་དང་། གོ་བདེ་བ། ཕྱོགས་ཡོངས། ཞིབ་ཚགས་བཅས་ཀྱི་སྒོ་ནས་འཆད་ཁྲིད་བྱས་པ་རེད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དྲ་རྒྱའི་ཉོ་ཚོང་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་དབྱང་ཧྥན་གྱིས་དེ་རིང་གི་ཆེད་དོན་ཟུར་ཁྲིད་ལས་ང་ལ་ཕན་པ་མི་ཉུང་བ་ཞིག་ཐོབ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུག་ཁུར་གནང་ལུགས་གཏིང་ཟབ་ཚོར་བྱུང་། ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཁྲོམ་རའི་སྒྲིག་ལམ་ལ་ཕྱོཊ་བསྡུས་བཅོས་སྐྱོང་གཏིང་ཟབ་བྱ་རྒྱུ་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ། འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད།

འཆད་ཁྲིད་ལ་ཉན་རྗེས།ལས་བྱེད་པ་དང་ལས་བཟོ་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་གོ་བ་གཏིང་ཟབ་བླངས་ཏེ། དྲིན་ཚོར་གྱི་བསམ་པ་དང་གུས་བཀུར་གྱི་བརྩེ་སེམས་དེ་འབད་འབུངས་ཀྱི་སྟོབས་ཤུགས་དང་དོན་འཁྱོལ་གྱི་བྱ་ཐབས་སུ་འགྱུར་བར་བྱ་རྒྱུ་ཡིན་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ཚུན་གྱི་གྲུབ་འབྲས་ཆེན་པོའི་ཁྲོད་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱས་ནས་ལྷག་བསམ་རྣམ་དག་དེ་ཁྲག་རྒྱུན་ནང་དང་།བྱ་གཞག་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དེད་དེ་གོམ་ཞེང་ཆེན་པོས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བསོད་ནམས་དབྱངས་སྐྱིད་ཀྱིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། ངར་ཤུགས་ཡར་འཕེལ། གདེང་ཚོད་ལྡབ་འགྱུར་བཅས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་སྨོན་འདུན་དང་ཐུགས་རེ་ཟབ་མོས་ང་ཚོས་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་དོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་འཕྱུགས་མེད་ངང་ཁོང་དུ་ཆུད་རྒྱུར་སྐུལ་ལྕག་གནང་ཡོད། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་དང་དམ་པ་དོན་གཉེར་གྱི་བྱ་ཐབས་སུ་བསྒྱུར་བར་བྱས་ཏེ། ཁྲོམ་ར་ལྟ་སྐུལ་དོ་དམ་པའི་འགན་འཁྲིའི་སྟོན་གྲངས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་གཏོང་བ་དང་། མི་སྒེར་གྱི་ལེགས་སྐྱེས་ཀྱི་འོད་སྣང་ཆུང་ངུར་བརྟེན་ནས་མཉམ་འདུས་ཀྱི་རྣམ་པར་འཚེར་བའི་འོད་ཟེར་ཏུ་འགྱུར་བར་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་བརྗིད་ཆགས་ཡིད་འོང་གི་རོལ་མོ་དཀྲོལ་རྒྱུ་ཡིན་ཞེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-20 6 6 拉萨日报藏文 c208716.html 1 གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ་ ཆེད་དོན་ཟུར་ཁྲིད་བྱས་པ། /enpproperty-->