ཆབ་ཞུགས་དུས་ཆེན་ནི་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་དུས་ཆེན་ཞིག་ཡིན་པ་དང་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ལོ་ལྟར་(ལུགས་རྙིང་ལོ)བོད་ཟླ་བདུན་པར་གཙང་འགྲམ་དང་དེ་བཞིན་གཙང་ཆུ་ཡོད་ས་གང་སར་ཆབ་ཞུགས་བྱེད་མཁན་མཐོང་རྒྱུ་ཡོད། ཆབ་ཞུགས་དུས་ཆེན་གྱི་ཉིན་བདུན་རིང་ལྷ་སའི་སྐྱིད་ཆུའི་ངོཊ་སུ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་རྒྱུ་ཡོད། གྲོང་མིས་རྒན་སྐྱོར་གཞོན་ཁྲིད་བྱས་ནས་གཙང་འགྲམ་དུ་ཡོང་བ་དང་། ནས་ཆང་དང་། ཇ་བསྲུབས་མ། ཚགས་ཤ་དང་ལུག་ཤ་བཙོས་མ་འཁྱེར་ནས་ཆུ་འགྲམ་དང་། གྲམ་ཐང་། རྩྭ་ཐང་བཅས་སུ་གུར་བརྒྱབ་ནས་གླིང་ཁ་གཏོང་ཞོར་ཆབ་ཞུགས་དུས་ཆེན་ལ་རོལ་བཞིན་ཡོད། པར་①འདི་ནི་གྲོང་མིས་ཆུ་འགྲམ་དུ་གུར་ཕུབ་པའི་རྣམ་པ་ཡིན། པར་②འདི་ནི་ཕྲུ་གུ་ཚོས་ཆུ་འགྲམ་དུ་རྩེ་འཇོར་རོལ་བཞིན་པའི་རྣམ་པ་ཡིན། པར་③འདི་ནི་མང་ཚོགས་ཀྱིས་ཆུ་འགྲམ་དུ་ཁ་གདན་དང་ཀམ་པ་ལི་སོགས་འཁྲུ་བཞིན་པའི་རྣམ་པ་ཡིན། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)