分享按钮

ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཟླ་རེའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུཊ་མཛད་སྒོ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐེངས་35པའི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་དེ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་།ཞི་མཐུན་འཕེལ་རྒྱས་ཀྱི་མཐུན་སྒྲིལ་གྱི་རྣམ་པ་ཧུར་ཐག་གཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུ་དེ་རེད།

འགོ་ཚུགས་མཛད་སྒོ་དེ་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་ཁྲོད་འགོ་ཚུགས་པ་དང་། མི་རིཊ་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བར་ལན་འདེབས་པའི་རྣམ་པ་འཁྲུག་ཆ་དོད་ལ། རྫ་ཆས་ལག་ཤེས་བཟོ་རྩལ་དང་།རི་མོའི་ཉམས་ལེན་ཁུལ།མི་རིགས་མཐུན་སྒྲིལ་ཁུལ་བཅས་གཙོ་དོན་དུ་བྱས་པའི་ཉམས་ལེན་ཁུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཚང་མ་ལག་ཤེས་བཟོ་རྩལ་དང་རི་མོ་འབྲི་བའི་ནང་དངོས་སུ་ཞུཊ་པའམ་ཡང་ན་གཱ་བཟོ་སར་དྲན་རྟེན་པར་རྒྱག་པ། སྲིད་ཇུས་མཉམ་སྦྱོང་དང་། མཉམ་སྤྲོ།མཉམ་འགུལ། མཉམ་འདྲེས།མཉམ་སྐུལ་བཅས་ཀྱི་རྣམ་པ་ཟབ་མོར་ཉམས་སུ་མྱོང་བཞིན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་ད་དུང་ཚང་མར་མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་སྦྲགས།བློ་འདྲིའི་ཞབས་ཞུ་ཡང་མཁོ་འདོན་བྱས་ནས་མི་དེ་བས་མང་བས་ཏང་གི་མི་རིཊ་སྲིད་ཇུས་ཤེས་རྟོགས་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་བ་རེད།

ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་པ་བློ་བཟང་རྒྱལ་མཚན་གྱིས། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གཙོ་དོན་དུ་བྱས་པའི་རྐང་ཐང་མར་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ལས་ཁུངས་ཀྱི་ལས་བྱེད་པ་དང་། ཁེ་ལས་ཀྱི་ལས་བཟོ་བ། སྡེ་ཁུལ་གྱི་གྲོང་མི་བཅས་ལྗོངས་ཕྱིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་གླིང་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྔར་བས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།

དེ་རྗེས་བྱེད་སྒོའི་ནང་ཞུགས་མཁན་ཚོ་བོད་ལྗོངས་ཁྲེང་ཧྥ་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཐོན་སློབ་མཉམ་འདྲེས་ལྟེ་གནས་སུ་བསྐྱོད་དེ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གསར་གཏོད་དང་། མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད། མི་རིགས་ས་ཁུལ་འཕེལ་རྒྱས་ལ་རམ་འདེགས་སོགས་ཐད་ཀྱི་གྲུབ་འབྲས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

སླད་ཕྱིན། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པ་མི་འདྲ་བའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་གླིང་ཁུལ་གྱི་མི་རིཊ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས་དཔལ་འབྱོར་གསར་སྤེལ་ཁུལ་ཞི་མཐུན་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-20 6 6 拉萨日报藏文 c208714.html 1 ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཟླ་རེའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུཊ་མཛད་སྒོ་འཚོཊ་པ། /enpproperty-->