分享按钮

2025ལོའི་དུས་ཐེངས་བཅོ་བརྒྱད་པའི་མཐོང་ཐོས་གསར་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ལྷ་སར་ཐོག་མར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི་དུས་ཐེངས་བཅོ་བརྒྱད་པའི་རྒྱལ་ཡོངས་ཀྱི་མཐོང་ཐོས་གསར་པའི་སྐོར་སྐྱོད་འགྲེམས་སྟོན་ལྷ་སར་ཐོག་མར་གཉེར་ཞིང་། ཐེངས་འདིའི་སྐོར་སྐྱོད་འགྲེམས་སྟོན་གྱིས་ས་ཁོངས་ལ་དམིགས་པ་དང་ཐབས་ལམ་མཉམ་འདྲེས་ཞེས་པ་ལྟེ་བར་བྱས་ནས་རྒྱལ་ཡོངས་ཀྱི་གྲགས་རྟགས་ཕྱོགས་ལྔ་བཅུ་ནས་དྲུག་ཅུའི་བར་གཅིག་སྡུད་བྱས་པ་དང་།དེའི་ནང་གློག་འོད་དང་། སྒྲ་སྐྱེད། བརྙན་ལམ་ཚོད་འཛིན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས།བོད་ལ་ཆེད་ལས་ཀྱི་སྒྲ་འོད་ཐོན་ལས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།

བྱེད་སྒོ་སྤེལ་ཡུལ་གྱི་འགྲེམས་གནས་ཆེ་གྲས་ཁག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་མཁྲེགས་ཆས་ཐོན་རྫས་བཤམས་ཡོད་ཅིང་། དེའི་ནང་བརྙན་ཤེལ་ཆེ་བའི་བརྙན་ཕབ་དང་། སྒྲ་སྐྱེད། སྐད་དུང་སོགས་ཆ་ཚང་པོ་ཡོད་པས།གྲོང་མིས་ཐག་ཉེ་ས་ནས་ཤེས་རྟོགས་དང་འདེམས་ཉོ་བྱ་རྒྱུར་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཆེད་དོན་སློབ་ཚན་མང་པོ་དུས་གཅིག་ཏུ་སྤེལ་ཞིང་། པེ་ཅིན་གྱི་ཅ་ཡན་དང་། སེན་ཧའེ་སེ་འར། ཀོང་ཀྲོའུ་ཡི་ཐུའུ་ཐུའུ་སོགས་ཁེ་ལས་ཀྱི་འཐུས་མིས་གྲངས་གཞིའི་སྒྲ་སྒྱུར་ལས་སྟེགས་དང་། སྐུད་མེད་སྒྲ་བརྙན་གྱི་ཚད་གཞི། ས་གནས་ས་ཐོག་གི་སྒྲ་སྒྱུར་ལག་རྩལ། ས་ཁོངས་ཧྲིལ་པོའི་ཐོན་རྫས་ཀྱི་བཀོལ་སྤྱོད་སོགས་ཀྱི་ནང་དོན་ལ་དམིགས་ནས་མཉམ་སྤྱོད་བྱས་ཏེ།ཡུལ་དངོས་ཀྱི་ལྟད་མོ་བར་ཆེད་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་ཤེས་བྱ་བརྒྱུད་སྤྲོད་བྱས་པ་རེད།

བོད་ལྗོངས་ཧའེ་ཡོན་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅང་དབྱི་ཧྲེ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་སྔོན་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་སུ་བསྐྱོད་ནས་འགྲེམས་སྟོན་ལ་ལྟ་དགོས་ཀྱི་ཡོད།ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་ཐོན་རྫས་གསར་པ་དང་ལག་རྩལ་གསར་པར་རྒྱུས་ལོན་བྱེད་ཐུབ།ཐེངས་འདིའི་སྐོར་སྐྱོད་འགྲེམས་སྟོན་གྱིས་བོད་ལྗོངས་ཀྱི་སྒྲ་སྐྱེད་དང་གློག་འོད་ལས་རིགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས།ས་གནས་འདི་གའི་ཁེ་ལས་ཀྱིས་ལས་རིགས་ཀྱི་ཐོན་ཁུངས་ལེན་པའི་མ་གནས་དམའ་རུ་ནུས་ལྡན་བཏང་ཡོད་ཅེས་བཤད།

ཐེངས་འདིའི་མཐོང་ཐོས་གསར་པའི་རྒྱལ་ཡོངས་སྐོར་འགྲེམས་དེ་ལྷ་སའི་ས་ཚིགས་སུ་གཉེར་བ་དེས། ས་ཁོངས་དབར་ལས་རིགས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་པའི་སྦྲེལ་ཟམ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། འདིས་བོད་ཀྱི་སྒྲ་འོད་བརྙན་ལམ་འཕྲིན་གཏོང་ལས་རིགས་ཀྱི་ཁྱབ་ཁོངས་ཁག་ཅིག་གི་སྟོང་ཆ་བསྐངས་ཡོད་པར་མ་ཟད། དེ་བས་ལག་རྩལ་དང་ཐོན་རྫས་འབྲེལ་ཐག་ཏུ་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་དང་འཁྲབ་སྟོན་བྱ་གཞག་གི་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209275.html 1 2025ལོའི་དུས་ཐེངས་བཅོ་བརྒྱད་པའི་མཐོང་ཐོས་གསར་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ལྷ་སར་ཐོག་མར་གཉེར་བ། /enpproperty-->