分享按钮

ཁྲུང་ཁྲུང་སྐེ་ནག་གཙོ་དོན་དུ་བྱས་པའི་པར་རིས་འགྲེམས་སྟོན་ལྷ་སར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་10ཉིན།“མཁའ་དབྱིངས་ཀྱི་བོད་ལྗོངས་སུ་ཁྲུང་ཁྲུང་གི་གསུང་སྐད་གྲགས”ཞེས་པའི་ཁྲུང་ཁྲུང་སྐེ་ནག་གཙོ་དོན་དུ་བྱས་པའི་པར་རིས་འགྲེམས་སྟོན་གྱི་སྐོར་སྐྱོད་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་བོད་ལྗོངས་རྟེན་མཛོད་ཁང་དུ་སྤེལ་ཞིང་། ད་ཐེངས་ཀྱི་འགྲེམས་སྟོན་ནང་བརྩམས་ཆོས་མང་པོ་ཞིག་ལེཊ་འདེམས་བྱས་ཡོད་པ་དང་།ཁྲུང་ཁྲུང་སྐེ་ནག་གི་གསོན་ཉམས་དོད་པའི་རྣམ་པ་དང་ས་མཐོའི་ས་གཞི་ཆེན་མོའི་འབྱུང་ཁམས་ཀྱི་ངོ་མཚར་མང་པོ་པར་དུ་བླངས་ཡོད་པས།གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།འགྲེམས་སྟོན་དེ་ཟླ་10ཚེས་10ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།

ཁྲུང་ཁྲུང་སྐེ་ནག་ནི་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་རིགས་བཅོ་ལྔའི་ཁྲོད་ས་མཐོར་རྒྱུད་སྤེལ་དང་དགུན་སྒྲོལ་ཐུབ་པའི་ཁྲུང་ཁྲུང་རིགས་གཅིག་པུ་དེ་ཡིན་པ་དང་།2025ལོའི་ཟླ་2པར་ལྷ་ས་གྲོང་ཁྱེར་གྱི“གྲོང་ཁྱེར་གྱི་མཚོན་རྟགས་བྱ་རིགས”སུ་གྱུར་ཡོད། ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ནང་པར་རིས་བརྩམས་ཆོས་150བདམས་ཡོད་པ་དང་།དེའི་ནང་ཁྲུང་ཁྲུང་གི་ཞབས་བྲོ་དང་། ཁྲུང་ཁྲུང་གི་འཚོ་སྡོད། ཁྲུང་ཁྲུང་འཕུར་ལྡིང་སོགས་ཕྱོགས་མང་པོའི་ཐད་ནས་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། འབྱུང་ཁམས་ཁོར་ཡུག་བཅས་མངོན་པར་བྱས་ཤིང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབྱུང་ཁམས་ཀྱི་རྣམ་པ་ཡང་མཚོན་པར་བྱས་ཡོད།

བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་ཧྥེང་ནཱ་ནཱ་ཡིས།ད་ཐེངས་ཀྱི་འགྲེམས་སྟོན་ནི་ཁྲུང་ཁྲུང་སྐེ་ནག་གི་ཚེ་སྲོག་གི་ངོ་མཚར་ལ་བསྔགས་བརྗོད་བྱས་པ་ཞིག་རེད་ལ། བོད་ལྗོངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་རེད།ཕྱིས་འབྱུང་།“མཁའ་དབྱིངས་ཀྱི་བོད་ལྗོངས་སུ་ཁྲུང་ཁྲུང་གི་གསུང་སྐད་གྲགས”ཞེས་པའི་རིག་གནས་ཡུལ་སྐོར་གྲགས་རྟགས་མུ་མཐུད་ནས་བཏོད་དེ།ཁྲུང་ཁྲུང་སྐེ་ནག་རིག་གནས་ཀྱི་མཚོན་རྟགས་སུ་བྱས་ནས“མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་ཟབ་ཏུ་བཏང་སྟེ།འབྱུང་ཁམས་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་སྐུ་མགྲོན་ཚོས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་གཙོ་གཉེར་ཕྱོགས་ཀྱིས་འགྲེམས་སྟོན་ནང་ཞུགས་མཁན་གྱི་ཡུལ་སྐོར་བར་ཁྲུང་ཁྲུང་སྐེ་ནག་གི་པར་རིས་འགྲེམས་སྟོན་གྱི་སྦྲག་དེབ་བརྒྱ་ལྷག་ཙམ་སྤྲད་པ་རེད།ད་ཐེངས་ཀྱི་བྱེད་སྒོས་པར་ལེན་སྒྱུ་རྩལ་བརྒྱུད།སྤྱི་དམངས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱེད་ཚད་མཐོ་རུ་ཕྱིན་པ་དང་། བོད་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་དང་འབྱུང་འཕྲོད་ཡུལ་སྐོར་གྱི་ཕན་འབྲས་མངོན་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209274.html 1 ཁྲུང་ཁྲུང་སྐེ་ནག་གཙོ་དོན་དུ་བྱས་པའི་པར་རིས་འགྲེམས་སྟོན་ལྷ་སར་གཉེར་བ། /enpproperty-->