(པར་ངོས་དང་པོར་མཐུད)རྒྱང་ལྟའི་རང་བཞིན་དང་། ཚན་རིག་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
རྣམ་གྲངས་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་དམིགས་ནས་མང་ཚོགས་ལ་ཕན་པ་ཐོབ་པ་དང་། མང་ཚོགས་ཀྱི་གདེང་འཇོག་ཐོབ་པའི་རྣམ་གྲངས་ཁག་གཅིག་ཇུས་འགོད་ནན་ཏན་བྱས་ཏེ།ཞན་ཆ་གང་མགྱོགས་གསབ་པ་དང་། ཉམས་ཞན་སྟོབས་ཆེར་བཏང་ནས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་ཕྱིའི་རྣམ་པ་དང་ནང་གི་འཆར་འགོད་དེ་བས་ཏན་ཏིག་ཡོང་བར་བྱེད་དགོས།
མྱུར་ཚད་མགྱོགས་སུ་གཏོང་དགོས་ཤིང་། ལས་ཕྱོད་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། མཉམ་བཤེར་མཆན་འགོད་དང་གནས་སྡོད་གཤམ་སྐྱོད་སོགས་ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་པོ་བྱེད་པ་དང་།ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་བྱས་ཏེ། འཆར་འགོད་རྣམ་གྲངས་ཀྱི་དུས་འགོར་དམ་འཛིན་དང་། གསར་སྐྲུན་རྣམ་གྲངས་ཀྱི་ལས་འགོར་དམ་འཛིན། མུ་མཐུད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཀྱི་འཁོར་རྒྱུག་ལ་དམ་འཛིན་བཅས་བྱེད་དགོས།
སྒྲིག་ཁྲིམས་ནན་པོར་སྲུང་དགོས་ཤིང་། རྩ་བའི་དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སློབ་གསོའི་ཁྲིད་སྟོན་དང་ལྟ་སྐུལ་སྒྲིག་བསྟར་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་།ཁྲོམ་རའི་ཟང་ཟིང་གི་རྣམ་པར་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ནས།ཀུན་གསལ་འདུ་འགོད་དང་དྭངས་གཙང་གི་འདུ་འགོད་ཧུར་ཐག་གཏོད་དགོས།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社