分享按钮

ཀརྨ་ཚེ་བརྟན་གྱིས་སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)

མཛེས་དཔྱོད་རིག་པའི་སློབ་ཁང་དང་དཔེ་དེབ་ལྟ་ཀློག་ཁང་དུ། ཀརྨ་ཚེ་བརྟན་གྱིས་སློབ་མའི་ལག་ཤེས་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་པ་དང་། སློབ་མ་དང་བྱམས་བརྩེའི་གླེང་མོལ་གནང་ཁར། སློབ་ཁང་གཉིས་པ་དང་རིག་དཔལ་དར་བའི་སློབ་གླིང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་།ཁོང་གིས་དེང་རབས་སློབ་གསོའི་ཆོས་ཉིད་དང་ཤེས་ལྡན་པ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ་དང་རིག་རྩལ་བྱེད་སྒོ་སྣ་ཚོགས་ཤུགས་ཆེན་སྤེལ་ཏེ།ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་སེམས་ཁམས་གསོ་དགོས། དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲང་བ། མཐོང་རྒྱ་ཆེར་གཏོང་བཅས་བྱས་ཏེ།ཚན་རིག་གི་བྱང་ཚད་དང་མི་ཆོས་རིག་གནས་ཀྱི་བྱང་ཚད་གཅིག་ཕན་གཅིག་རོགས་དང་དོ་སྙོམས་འཕེལ་རྒྱས་ཡོང་བ་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

ཀརྨ་ཚེ་བརྟན་གྱིས་སློབ་གསོའི་མི་དམངས་ཀྱི་ངོ་བོར་དམ་འཛིན་ཡག་པོ་བྱས་ནས་གནད་ཁྱོན་ཟུང་འབྲེལ་གྱིས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། སློབ་གསོའི་ལས་དོན་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་དགོས་མཁོ་དང་གོམ་སྟབས་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ།ཁྲིམས་སྐྱོང་སློབ་གསོ་དང་བདེ་འཇགས་སློབ་གསོ་དེ་སློབ་གྲྭའི་རྒྱུན་གཏན་དོ་དམ་དང་སློབ་གསོ་སློབ་ཁྲིད་ལས་དོན་དང་མཉམ་འདྲེས་བྱས་ནས། སྤུས་ཚད་མཐོན་པོས་བདེ་འཇགས་ལྡན་པའི་སློབ་གྲྭ་བསྐྲུན་ཐོག ཕྲུ་གུ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ལྕགས་ར་བློ་བཟང་བསྟན་འཛིན་བྱེད་སྒོར་ཞུགས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209272.html 1 ཀརྨ་ཚེ་བརྟན་གྱིས་སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས་པའི་ནན་གསུངས་གནང་བ། /enpproperty-->