分享按钮

ལྷ་ས་གྲོང་ཁྱེར་གྱིས་Aརིམ་པའི་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་སྨན་རྫས་སྒྲིག་གཞི་100བདམས་པ།

ཡིད་རྟོན་གདེང་འཇོག་གིས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུར་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་10ཉིན། གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་གདེང་འཇོག་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་ཏེ། 2024ལོའི་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་གདེང་འཇོག་བྱས་འབྲས་Aརིམ་པའི་སྨན་བཅོས་སྒྲིག་གཞི་100ལ་སྒོ་བྱང་སྤྲད་ནས་གཟེངས་བསྟོད་བྱས་པ་རེད། བྱ་ཐབས་དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཡིད་རྟོན་གདེང་འཇོག་མ་ལག་འཛུཊ་སྐྱོང་ཐད་འཕེལ་རྒྱས་གལ་ཆེན་བྱུང་ནས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་ཅན་དང་།ཐེབས་རྩ་ཅན།ཚན་རིག་ཅན་གྱི་དོ་དམ་བཅས་ལ་སྔར་བས་སྐུལ་འདེད་བཏང་བ་མཚོན་ཡོད།

སྨན་བཅོས་འགན་ལེན་གྱི་ཡིད་རྟོན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རིགས་ཁག་གི་སྨན་བཅོས་འགན་བཅོལ་གྱི་བྱེད་པོའི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞི་ནང་འདྲེན་ཧུར་ཐག་བྱས་ཏེ།ཆ་འཕྲིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་མ་ལག་གི་གྲངས་གཞི་ཆེན་མོ་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ། ཆེད་དོན་ཞིབ་བཤེར། རིག་ནུས་ཞིབ་བཤེར་སོགས་འབྱུང་ཁུངས་མང་པོའི་གྲངས་གཞི་ཕྱོགས་བསྡུས་ཐོག་སྤྱད་དེ་གཞུང་དྲང་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཡིད་རྟོན་བྱེད་པོ་རིགས་8ལ་ཕྱོགས་ཡོངས་ནས་གདེང་འཇོག་དང་། དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད། 2024ལོའི་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་གདེང་འཇོག་ནང་ཚུད་པའི་Aརིམ་པའི་ཚན་པ་100དང་། Bརིམ་པའི་ཚན་པ་329 Cརིམ་པའི་ཚན་པ་95 Dརིམ་པའི་ཚན་པ་19བཅས་ཡོད།

གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ལེགས་བཟང་གིས་ཡིད་རྟོན་གདེང་འཇོག་གིས་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཆེད་ལས་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་རུ་ཕྱིན་པར་མ་ཟད། སྨན་དང་སྨན་བཅོས་སྒྲིག་གཞིར་ཕྱོགས་ཡོངས་དང་འགུལ་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཡང་ཐུབ་ཡོད། 《ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་ལེན་གྱི་ཡིད་རྟོན་གདེང་འཇོག་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》གཞིར་བཟུང་། གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཡིད་རྟོན་རིམ་པར་གཞིགས་ནས་རིམ་དབྱེ་དང་རིགས་དབྱེའི་དོ་དམ་བྱས་ཏེ།ཕན་འབྲས་སྤྱོད་ཤུགས་ཆེ་རུ་བཏང་ནས་བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་བརྒྱུད་ཡིད་རྟོན་བྱེད་པོའི་རང་འདོམས་དང་ཡིད་རྟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

སླད་ཕྱིན་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཡིད་རྟོན་གདེང་འཇོག་དེ་སྨན་བཅོས་འགན་བཅོལ་དོ་དམ་ཁྲོད་བཀོལ་སྤྱོད་བྱ་རྒྱུར་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་། ཡིད་རྟོན་བྱ་སྤྱོད་དང་བྱ་དགའ་དང་ཆད་གཅོད་ལམ་སྲོལ་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་པ་ལས་བརྒལ་བའི་ཡིད་རྟོན་ཤོར་བའི་ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་ཆད་གཅོད་ལམ་སྲོལ་འཚོལ་ཞིབ་བྱེད་པ།དེ་བཞིན་ཡིད་རྟོན་ཤོར་བའི་མ་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ། ཐེབས་རྩའི་བདེ་འཇགས་ལ་འགན་ལེན་བཅས་བྱས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 ཡིད་རྟོན་གདེང་འཇོག་གིས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུར་སྐུལ་འདེད་བཏང་བ། 6 6 拉萨日报藏文 c209268.html 1 ལྷ་ས་གྲོང་ཁྱེར་གྱིས་Aརིམ་པའི་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་སྨན་རྫས་སྒྲིག་གཞི་100བདམས་པ། /enpproperty-->