分享按钮

ཐོན་ཕུ་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་གཟིམ་སྤོས་ དྲ་རྒྱའི་ཐད་གཏོང་བརྒྱུད་ནས་ཕྱིར་ཚོང་བྱས་པ།

ཐེངས་གཅིག་ལ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་7ལས་བརྒལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་ཕུ་གྲོང་ཚོར་རྣམ་པ་གསར་རྐྱང་གི་དྲ་རྒྱའི་ཐད་གཏོང་བྱེད་སྒོ་ཞིག་སྤེལ་ཞིང་། སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་ཕུ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་སྒྲིག་འཛུགས་ཞིབ་ཚགས་འོག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏེ་སྙེ་མོའི་གཟིམ་སྤོས་གཙོ་དོན་དུ་བྱས་པའི་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་དངོས་ཟོག་འཚོང་བའི་བྱེད་སྒོ་དེ།ཐོན་ཕུ་གྲོང་ཚོའི་གཟིམ་སྤོས་མཉམ་ལས་ཁང་དུ་བདེ་བླག་ངང་གཉེར་བ་དང་།ཐེངས་གཅིག་ལ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་7ཙམ་ཟིན་ནས་གཟིམ་སྤོས་ཀྱི་འབྱུང་ཁུངས་དེར་དྲ་ཐོག་ཚོང་དོན་གྱི་ལེའུ་གསར་པ་ཞིག་བརྩམས་པ་རེད།

སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་ཕུ་གྲོང་ཚོར་བཅའ་སྡོད་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་ཉིན་བརྒྱའི་རིང་དུད་ཚང་དུ་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་མངགས་གཏོང་ཚན་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ།ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་ཕོ་ཉ་ཝང་ཙི་ཧའོ་གདན་དྲངས་ནས་དེའི་ཁྱུག་དབྱིངས་ལས་སྟེགས་ཀྱི་ཤུགས་རྐྱེན་ནུས་པ་སྤྱད་དེ་ཐད་གཏོང་ནས་ཁྱབ་གདལ་དུ་བཏང་བ་རེད། ཆུ་ཚོད་གསུམ་དང་ཕྱེད་ཀ་བསྟུད་མར་ཐད་གཏོང་བྱེད་རིང་། གཙོ་སྐྱོང་བས་སྙེ་མོའི་གཟིམ་སྤོས་ཀྱི་ལོ་ངོ་སྟོང་གི་རྒྱུན་འཛིན་ལོ་རྒྱུས་གསོན་ཉམས་དོད་པོས་བརྗོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ས་ཡུལ་དངོས་སུ་ཐུན་མོང་མ་ཡིན་པའི་བཟོ་རྩལ་ངོམ་སྟོན་བྱས་པར་མ་ཟད། ཐད་གཏོང་ཁང་དུ་ད་དུང་གཟིམ་སྤོས་ཀྱི་མ་བཅོས་རྒྱུ་ཆ་སྣ་ཁ་20ལྷག་ཙམ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་ལོ་ངོ་སྟོང་གི་གཟིམ་སྤོས་ཀྱི་སྒྱུ་རྩལ་རྣམ་པ་གསར་རྐྱང་གི་ཐོག་ནས་དེང་རབས་ཁྱིམ་ཚང་དུ་སྐྱོད་ཐུབ་པར་བྱས་ཡོད།

སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་ཕུ་གྲོང་ཚོར་བཅའ་སྡོད་གྲོང་ཨུད་དྲིལ་བསྒྲཊ་པུའི་ལས་དོན་རུ་ཁག་གི་འགན་འཁུར་བ་མ་ཁེ་ཉིས་ཐད་གཏོང་དེས་བོད་ཡིག་གི་སྲོལ་གཏོད་མེས་པོ་དང་གཟིམ་སྤོས་ཀྱི་འབྱུང་ཁུངས་ཐོན་ཕུ་གྲོང་ཚོ་དྲ་རྒྱའི་ལས་སྟེཊ་ཐོག་ཐོག་མར་བསྟན་པར་མ་ཟད། ཐད་ཀར་ཕྱིར་ཚོང་གི་མངགས་ཐོ་500ལྷག་ཙམ་ཟིན་ནས་ཕྱིར་ཚོང་བྱས་པར་སྒོར་ཁྲི་7ཙམ་ཟིན་ཡོད་ཅེས་དང་། ཁོང་གིས་ལས་དོན་རུ་ཁག་གིས་ཧྥེན་སི་ཡི་ཚུར་ལན་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ནས་ཐོན་རྫས་མུ་མཐུད་དེ་ལེགས་སུ་བཏང་སྟེ་འབྱུང་འགྱུར་བྲིན་ཁ་རྒྱུག་པའི་སྤུས་ལེགས་གཟིམ་སྤོས་ཀྱི་ཐོན་རྫས་དེ་བས་མང་བ་འདོན་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་ནི་ཐོན་ཕུ་གྲོང་ཚོས་ཏང་འཛུགས་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག དྲ་ཐོག་ཚོང་དོན་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་ཞིང་། དེས་ལོ་ངོ་སྟོང་གི་གཟིམ་སྤོས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་མ་ཟད། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་གསར་པ་བཏོད་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 ཐེངས་གཅིག་ལ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་7ལས་བརྒལ་བ། 6 6 拉萨日报藏文 c209267.html 1 ཐོན་ཕུ་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་གཟིམ་སྤོས་ དྲ་རྒྱའི་ཐད་གཏོང་བརྒྱུད་ནས་ཕྱིར་ཚོང་བྱས་པ། /enpproperty-->