分享按钮

བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གི་ལོ་ངོ་60ཡི་འཕེལ་རྒྱས་བརྒྱུད་མྱོང་བའི་ལྷ་ས་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་གཡང་འཛོམས་ཀྱིས་ལོ་40ལྷག་ཙམ་རིང་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་པ།

(པར་ངོས་དང་པོར་མཐུད)1982ལོར། ལྷ་སར་ཕྱིར་ལོག་བྱས་རྗེས། ཁོང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭར་ལས་སྒྱུར་བྱས་ནས་ལོ་43རིང་དགེ་རྒན་དཀྱུས་མ་ཞིག་ནས་སློབ་དོན་ཁྲུའི་ཀྲུའུ་རེན་གཞོན་པའི་བར་མཐོ་རིམ་འཆད་ཁྲིད་དགེ་རྒན་དང་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པའི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ཁོང་གིས་ཐོག་མཐའ་བར་གསུམ་དུ་སློབ་དཔྱོད་ལས་གནས་ཀྱི་འཐབ་ས་མདུན་མ་ནས་ཁ་མ་བྲལ་བར། རང་ཉིད་ཀྱིས་ལོ་བཅུ་གྲངས་རིང་བསགས་པའི་སློབ་ཁྲིད་ཀྱི་ཉམས་མྱོང་དེ་རྒྱ་ཆེའི་སློབ་མར་རྒྱུན་ཆད་མེད་པར་བརྒྱུད་སྤྲོད་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྤྲོད་བྱས་ཡོད། གཡང་འཛོམས་ཀྱིས། ལོ་ངོ་60དེ་ནི་ངའི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་ཡིན།ཏང་གི་འགོ་ཁྲིད་འོག བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་དང་ཕྱོགས་ཁག་ཚང་མར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་1953ལོར་སྐྱེས་པ་དང་། སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་དང་ཡང་འབྲེལ་བ་ཡོད། ང་ཚོའི་སྒོ་རའི་ནང་བཅིངས་འགྲོལ་དམག་མང་པོ་བསྡད་ཡོད། ཁོང་ཚོའི་སྤྱོད་ཚུལ་ལས་ང་ཚོས་གུང་ཁྲན་ཏང་ལ་ངོས་འཛིན་གསལ་པོ་བྱུང་བ་དང་། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་ལྗོངས་ཀྱི་དཔལ་འབྱོར་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན། གཅེན་གཅུང་དགུ་ལས་གཅིག་ཁྱིམ་དུ་ཕ་མ་དང་མཉམ་དུ་བསྡད་པ་ཕུད། དེ་བྱིངས་ཚང་མ་སློབ་ཆེན་དུ་བསྐྱོད་ནས་དུས་རབས་བཟང་པོའི་རྗེས་ཟིན་ཡོད། ང་འཚར་ལོངས་བྱུང་བ་དང་ལྷག་པར་དུ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་གནས་ལུགས་ཤིག་ཤེས་བྱུང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་པ་དེ་རེད། དེས་ང་ལ་སློབ་སྦྱོང་ལ་དེ་བས་དགའ་ཞེན་དང་། ཐོག་མའི་བསམ་འདུན་དེ་བས་མི་བརྗེད་པ། ཏང་གི་བཀའ་དྲིན་དེ་བས་མ་བརྗེད་པ་བཅས་བྱུང་ཞེས་བཤད།

བཅར་འདྲི་བྱེད་རིང་། གཡང་འཛོམས་ཀྱིས་གསར་འགོད་པར། ད་ཆ། ཏང་གི་སློབ་གྲྭར་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་ས་བཟུང་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སློབ་གཉེར་ཆ་རྐྱེན་དང་སློབ་གཉེར་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། དེ་བཞིན་དགེ་རྒན་གྱི་གྲུབ་ཆ་དང་དགེ་རྒན་གྱི་སྟོབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་སོགས་ཀྱི་ཐད་མངོན་པར་མ་ཟད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་དེ་བས་ཁ་འབྲལ་ཐབས་མེད་པ་ངས་གསལ་པོར་ཤེས་ཀྱི་ཡོད། 2010ལོར་རྒན་ཡོལ་ཞུས་རྗེས། ངས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཏང་ཡོན་ཞིག་དང་ཏང་གི་གསོ་སྐྱོང་བྱས་པ་ཞིག་ཡིན་པ་བརྗེད་མེད། ངས་མུ་མཐུད་ནས་རང་ནུས་གང་ཡོད་འདོན་སྤེལ་བྱས་ཡོད། 2013ལོར་ལྷ་ས་གྲོང་ཁྱེར་གྱི་སློབ་ཕྱིའི་ཟུར་ཁྲིད་པར་གདན་ཞུ་བྱས་པ་དང་། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ་སོགས་སློབ་གྲྭ་ཁག་ཏུ་སློབ་ཕྱིའི་ཟུར་ཁྲིད་པའི་འགན་འཁུར་མྱོང་ཡོད། དེ་དང་ཆབས་ཅིག་ཏུ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་སོགས་སུ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པའི་འགན་འཁུར་མྱོང་ཡོད། ད་ཆ་ཁྲེང་ཀོན་ཆུས་སྐྱིད་རས་གྲོང་ལྷན་དུ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པའི་འགན་ཁུར་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཇི་མ་ཇི་བཞིན་གྲོང་མི་རྣམས་ལ་བརྒྱུད་སྤྲོད་བྱེད་ཀྱི་ཡོད་ཅེས་བཤད།

ཡུན་རིང་མ་སོང་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་ཟབ་མོ་བསྣམས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་གིས་ལྷ་སར་མི་རིཊ་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་སྐོར་འཚམས་འདྲི་གནང་བ་དང་། བྱམས་བརྩེའི་ཐུཊ་ཁུར་དང་སྐུལ་ལྕག་ཆེན་པོ་གནང་བ་བཅས་ལས་གཡང་འཛོམས་ཚུད་པའི་ལས་བྱེད་པ་དང་མང་ཚོགས་ཚང་མར་སེམས་འགུལ་ཚད་མེད་ཐེབས་པ་དང་སྐུལ་ལྕག་ཟབ་མོ་ཐེབས་ཡོད། མཉམ་པར་བླངས་རྗེས་གཡང་འཛོམས་ཀྱིས་འཕྲལ་མར་པར་དེ་མཛེས་བཟོ་བྱེད་པར་བསྐྱལ་བ་དང་གཟི་བརྗིད་ལྡན་པའི་པར་དེ་ཚོམས་ཆེན་གྱི་དཀྱིལ་དུ་གཟབ་ནན་ངང་བཞག་པས་སྤོབས་སེམས་དང་སེམས་འགུལ་ཚད་མེད་ཐེབས། གཡང་འཛོམས་ཀྱིས། སླད་ཕྱིན་ངས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དགའ་ཚོར་ཆེན་པོས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209266.html 1 བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གི་ལོ་ངོ་60ཡི་འཕེལ་རྒྱས་བརྒྱུད་མྱོང་བའི་ལྷ་ས་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་གཡང་འཛོམས་ཀྱིས་ལོ་40ལྷག་ཙམ་རིང་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་པ། /enpproperty-->