(པར་ངོས་དང་པོར་མཐུད)
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ནུས་ཆེའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། སྤུས་མཐོའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། མཐིལ་རྟོགས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། ཏན་ཏན་ཏིག་ཏིག་དང་བློ་རྩེ་གཅིག་སྒྲིམ་ངང་ལས་སྒོ་གཙོ་བོ་ཡག་པོ་སྒྲུབ་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གྲགས་རྟགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ལས་རྗེས་རྩེ་གྲར་བརྟེན་ནས་དཔེ་སྟོན་དང་ཚད་ཤིང་འཛུཊ་དགོས།
ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དེ་ཡང་ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་མཉམ་འདྲེས་ཐུབ་པར་བྱས་ནས། “གོམ་སྟབས་གཅིག་མཚུངས་བཞི་དང་འབྲེལ་མཐུད་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྐྱོང་གི་འགན་འཁྲི་དང་གཉེར་སྐྱོང་འགན་འཁྲི་སྦྲེལ་མཐུད་ནུས་ལྡན་དང་ཏང་འཛུགས་སྐྱོང་ལས་དོན་དང་ཐོན་ལས་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དེ་ཡང་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་རྒྱུ་དེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། འགན་དབང་ཁྲིམས་བཀོད་དང་། འགན་དབང་ཁ་གསལ། མཐུན་སྦྱོར་འཁོར་སྐྱོད་བཅས་ཀྱི་དབང་ཆ་གང་མགྱོཊ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཀུང་སིའི་བཅོས་སྐྱོང་ལམ་སྲོལ་ནུས་ལྡན་ངང་ཚོད་འཛིན་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་ཧུར་ཐག་བསྒྱུར་དགོས།
ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དེ་ཡང་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་དམིགས་ཚད་ལ་དམིགས་ཏེ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་དཔེ་མཚོན་སྐྱེད་སྲིང་བྱེད་པ། ཞུ་གཏུགས་ཐབས་ལམ་ཤར་གཏོང་བྱེད་པ། རིག་ནུས་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་རྣམ་པ་བཟང་པོ་གཏོད་དགོས།
ཉེན་ཁ་སེལ་བར་ཤུགས་སྣོན་རྒྱག་དགོས་ཤིང་། དེ་ཡང་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོར་བཙུགས་ནས། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་སེལ་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱེད་པ། ལས་བཟོའི་ལུགས་མཐུན་རེ་ཞུར་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱས་ཏེ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་མཐའ་གཅིག་ཏུ་སྲུང་དགོས།
སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དེ་ཡང་རྒྱུན་སྲིང་ལྷོད་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་མི་དང་ལས་ཀའི་བར་དོ་དམ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཏང་ལ་ལྷག་བསམ་རྣམ་དག་དང་། གསར་གཏོད་བྱེད་ཕོད་པ། ཁེ་ལས་སྐྱོང་མཁས་པ། ཁེ་ལས་དར་རྒྱས་དང་བྱས་རྗེས་འཇོག་ཐུབ་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社