分享按钮

གྲོང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཟླ་9ཚེས་11ཉིན་གྲོང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི།ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་མ་ཝུན་ཆིང་ཚོགས་འདུར་ཕེབས་པ་དང་འབྲེལ་སྐུལ་སློང་བཀོད་སྒྲིག་གི་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུའི་ཐོག་གྲོང་ཨུད་སྐབས་བཅུ་པའི་རེས་སྐོར་དྲུག་པའི་སྐོར་ཞིབ་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པའི་འགན་དབང་དང་ལས་འགན་ཁག་བགོས་ཁྱབ་བསྒྲགས་བྱས་པ་རེད།

མ་ཝུན་ཆིང་གིས་ནན་གསུངས་གནང་དོན།ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་དང་ནུས་པ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དེ་ཡང་སྲུང་སྐྱོང་གཉིས་ཀྱི་རྩ་བའི་ལས་འགན་ལ་དམིགས་ནས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་རང་གྲོང་དུ་ཕྱོགས་ཡོངས་ནས་ལག་བསྟར་དང་གང་ལེགས་མངོན་པའི་འགན་ལེན་བྱེད་དགོས། གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་བྱ་ཡུལ་བཅས་ལ་དམ་པོར་དམིགས་པ་དང་། འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་ཁག་དང་དེ་བཞིན་གཙོ་གནད་ལས་གནས་ལ་དམིགས་ནས་གནས་སྤོར་བཀོལ་སྤྱོད་བྱེད་སྲིད་པའི་ལས་བྱེད་པར་ལྟ་སྐུལ་དང་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཙོ་གནད་ལས་འགན་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་སྐོར་ཞིབ་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་སྐོར་ཞིབ་ལས་དོན་གྱི་འགན་འཁྲི་དང་ལས་འགན་དང་མང་ཚོགས་ཀྱིས་གླེང་མང་ཤོས་དང་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ནས་ལྟ་སྐུལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། སྒྲིག་ཨུད་དང་རྩ་འཛུགས་སོགས་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱི་སྐོར་ཞིབ་ལས་དོན་ཡག་པོ་སྒྲུབ་པ། ཆབ་སྲིད་སྐོར་ཞིབ་གནད་སྨིན་ཅན་དང་། ཞིབ་ཕྲ་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ནས་སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་ཤུགས་དང་། རྟོལ་ཤུགས། སྐུལ་འདེད་གཏོང་ཤུགས་བཅས་མངོན་པར་བྱེད་དགོས། ཆབ་སྲིད་དང་ལས་སྒོའི་བྱང་ཚད་དང་། འགན་སྒྲུབ་ནུས་པ།དེ་བཞིན་སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་དང་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་ཤུགས་ཆེ་རུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་རྩེ་གྲ་ཞིག་གཏོད་དགོས།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209263.html 1 གྲོང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->