分享按钮

ལྷ་སའི་བཟོ་རྩལ་མཛེས་རྩལ་ཁེ་ལས་2025ལོའི་པེ་ཅིན་ ཞབས་ཞུའི་ཚོང་འདུས་ལ་ཞུགས་པ།

པར་འདི་ནི་ལྷ་སའི་བཟོ་རྩལ་མཛེས་རྩལ་འགྲེམས་ཁང་གི་ཡུལ་དངོས་ཀྱི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་10ཉིན། ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་འདུས(གཤམ་དུ་ཞབས་ཞུའི་ཚོང་འདུས་ཞེས་བསྡུ་རྒྱུ)པེ་ཅིན་གྱི་ཧྲོའུ་ཀང་གླིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། པེ་ཅིན་དང་ལྷ་ས་ཁུལ་གཉིས་ཀྱི་ཐོན་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ལྷ་སའི་མི་རིགས་ལག་ཤེས་ཀྱིས་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། པེ་ཅིན་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལོ་ལྔ་བསྟུད་མར་ལྷ་སའི་བཟོ་ལས་མཛེས་རྩལ་ཁེ་ལས་སྒྲིག་འཛུགས་བྱས་ནས་ཞབས་ཞུའི་ཚོང་དོན་ནང་ཞུགས་པ་རེད།

གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་སོགས་འབྲེལ་ཡོད་རྫོང(ཆུས)ཁག་དང་མཉམ་དུ་ལྷ་སའི་ས་གནས་དེ་གའི་ཁེ་ལས་30ཙམ་སྒྲིག་འཛུགས་བྱས་ནས་སྐབས་འདིའི་ཞབས་ཞུའི་ཚོང་འདུས་ཀྱི་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་།

དེའི་ནང་འཚེམ་དྲུབ་དང་། གཟིམ་སྤོས། བོད་ཤོག ཐང་ག བོད་ཆས། བོད་བཟོའི་ཤིང་བརྐོས། ཁྱད་ལྡན་རིག་གནས་གསར་གཏོད། སྲོལ་རྒྱུན་གྱི་གསེར་ཆས་དང་དངུལ་ཆས་སོགས་རིགས་ཆེན་པོ་བརྒྱད་ཀྱི་འགྲེམས་རྫས་ཆིག་སྟོང་ལྷག་ཙམ་ཡོད་པ་རེད།

ལྷ་སའི་བཟོ་རྩལ་མཛེས་རྩལ་ཐོན་རྫས་འགྲེམས་ཁང་དེ་ཞབས་ཞུའི་ཚོང་འདུས་ཀྱི་རིག་གནས་ཡུལ་སྐོར་ཞབས་ཞུའི་ཆེད་དོན་འགྲེམས་ཁུལ་དུ་གནས་པ་དང་། འགྲེམས་ཁང་དེས་བོད་རིགས་ཀྱི་སྲོལ་རྒྱུན་ཨར་སྐྲུན་གྱི་རྣམ་པ་རྨང་གཞིར་བྱས་ནས་དེང་རབས་ཅན་གྱི་གཞི་རྒྱུ་མཉམ་འདྲེས་བྱས་ཏེ། ཐོན་རྫས་འགྲེམས་ཁུལ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209262.html 1 ལྷ་སའི་བཟོ་རྩལ་མཛེས་རྩལ་ཁེ་ལས་2025ལོའི་པེ་ཅིན་ ཞབས་ཞུའི་ཚོང་འདུས་ལ་ཞུགས་པ། /enpproperty-->