བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་41པ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་ལ་གཟིགས་སྐོར་འཚམས་འདྲི་གནང་ཞིང་། ཁོང་གིས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།
ལོ་བརྒྱའི་ཇུས་ཆེན་ནི་སློབ་གསོར་རག་ལུས་པ་དང་། སློབ་གསོའི་ཇུས་ཆེན་ནི་དགེ་རྒན་ལ་ཐུག་ཡོད། ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་དགེ་རྒན་ལ་གཟིཊ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་དགེ་རྒན་ནི་གནམ་འོག་གི་ཆེས་བླ་ན་མེད་པའི་ལས་རིཊ་ཤིག་རེད། ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད་པས། འགན་འཁྲི་གཟི་བརྗིད་ཆེ་ལ་ལས་འགན་ཧ་ཅང་ལྕི་པོ་ཡོད། ཚང་མས་སློབ་གསོ་མཁས་ཅན་པའི་སྙིང་སྟོབས་དར་སྤེལ་ཤུཊ་ཆེན་བཏང་ནས་བློ་འབྱེད་བློ་སྦྱོང་དང་སྣོད་བསྟུན་སློབ་ཁྲིད་ཀྱི་གཞི་རྩའི་འཇོན་ཐང་ལ་ཞུན་བརྡར་བྱས་ཏེ། དཔེ་ཁྲིད་མི་སྐྱོང་གི་ནུས་པ་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་དང་། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བློ་རྩེ་གཅིག་སྒྲིམ་གྱིས་སེམས་ཁུར་དང་ཁྲིད་སྟོན་བྱས་ཏེ། ཏང་ཐུཊ་བློ་བདེ་བ་དང་། རྒྱལ་གཅེས་ལེཊ་སྐྱེས་ཕུལ་བ། མི་རིཊ་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ཐུཊ་རེ་གནང་ཡོད།
བསམ་བློ་ཆབ་སྲིད་སློབ་ཚན་ནི་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་རེད། ཀརྨ་ཚེ་བརྟན་གྱིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གསན་རྗེས། ཁོང་གིས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོར་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་གསར་གཏོད་རིཊ་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་མི་སྐྱོང་མཐའ་འཁྱོངས་བྱེད་པ་དང་།བོད་ཀྱི་གསར་བརྗེའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུཊ་རྒྱུ་གཙོ་རྐང་དུ་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་སྟངས་དང་། ནང་དོན། གཞི་རྟེན་བཅས་གསར་གཏོད་ཀྱིས་སློབ་མ་ཚོ་ལུས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བར་དེ་བས་མཐོང་ཆེན་བྱས་ཏེ་སློབ་མ་ཕྱོཊ་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社