分享按钮

ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་སྲིད་འཛིན་ཨ་ལི་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལི་ལ་གློག་འཕྲིན་སྤྲིངས་ནས་ཁོང་ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འགན་བསྟུད་མར་བཞེས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཀུའེ་ཡ་ན་ནི་ཅ་ལེ་པི་ས་ཁུལ་ནང་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་53སོང་རིང་ཀྲུང་གོ་དང་ཀུའེ་ཡ་ནའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་ཐུབ་ཡོད། 2023ལོའི་ཟླ་7པར་ང་ཚོ་ཁྲེང་ཏུའུ་རུ་མཇལ་མོལ་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་སྲིད་འཛིན་ཨ་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་ནང་ཕྱོགས་གཉིས་པོའི་གཉིས་ཕན་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཀུའེ་ཡ་ན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེཊ་པ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209259.html 1 ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་སྲིད་འཛིན་ཨ་ལི་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ། /enpproperty-->