ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོཊ་པར་བརྟག་ཞིབ་གནང་བར་ཕེབས་ནས། ལས་བྱེད་པ་དང་ལས་བཟོ་བར་གཟིཊ་སྐོར་འཚམས་འདྲི་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དཀའ་ངལ་ཡོད་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་གནང་ཞིང་། རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ངེས་གནས་སྔར་བས་ཁོང་དུ་ཆུད་པ་དང་། བསམ་ཕྱོགས་གསལ་པོར་བཟོ་བ། ལས་འགན་ཁ་གསལ་བཟོ་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་སྟོབས་ཆེར་དང་ལེགས་སུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱིས་ལྷ་སའི་ཚོང་རྟགས་རྩེ་གྲའི་ནུས་པ་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ལི་ཅང་ཤིན། ཀྲང་ཁྲུན་དབྱང་། ཀའོ་ཅུན་བཅས་ཚོགས་འདུར་ཕེབས་ཡོད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་ལས་དོན་སྙན་སེང་གསན་ཞིང་། ཁོང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་། འགྲིམ་འགྲུལ་ཐོན་ལས་ཚོགས་པས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་།རང་འགུལ་ངང་འགན་འཁྲི་ཁུར་བ། སྒྱུར་བཅོས་ཧུར་ཐག་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社