ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་11ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཀའི་སྙན་ཞུར་གསན་པ་དང་།གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་ཤིང་། ཁོང་གིས་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པ་ལེགས་སྒྲིག་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་གནས་རྒྱུན་མཐུད། བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་འགྲོ་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གསར་གཏོད་དང་།གནས་འཕྲོད། མཛེས་སྡུག མཉེན་ཆ། ཤེས་དཔལ། བློ་རིག་བཅས་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་མགྱོགས་མྱུར་བསྐྲུན་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ལི་ཅང་ཤིན། ཝང་ཧུའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཕེབས་ཡོད།
ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། གྲོང་ཁྱེར་གྱི་ལས་དོན་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་།མི་དམངས་གྲོང་ཁྱེར་མི་དམངས་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱས་ཏེ། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་ཁུར་ནས་གནད་སྨིན་ཅན་དང་། ཞིབ་ཚགས་ཅན། མཛེས་སྡུག་ཅན་བཅས་ཀྱི་སྒོ་ནས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་གྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རེ་སྒུག་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པར་བྱེད་དགོས།
ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་ལས་དོན་ཕྲག་ཐོག་ཏུ་དམ་པོར་འཁུར་བ་དང་། དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ཏེ་གཞུང་ལམ་ཐོག་གཞུང་དོན་སྒྲུབ་པ་དང་གོམ་སྟབས་ལ་བརྟེན་ནས་ཚད་འཇལ་བའི་ལས་ཀའི་བྱ་ཐབས་ལག་ལེན་ཤུཊ་ཆེན་བསྟར་ནས་ནུས་ཤུཊ་ཡོད་རྒུ་དང་སྙིང་རུས་གཏན་འཁྱོངས་ཀྱིས་ཏན་ཏན་ཏིག་ཏིག་ངང་གྲོང་ཨུད་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
འཆར་འགོད་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག གནད་དོན་གསར་པ་ཐག་གཅོད། ཡུལ་བབ་དང་བསྟུན་པ། དུས་བསྟུན་མདུན་སྐྱོད་བཅས་ཀྱི་སྒོ་ནས་འཆར་འགོད་ཞིབ་ཚགས་བཟོ་བ་བཅས་བྱས་ཏེ། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社