分享按钮

ཁྱད་ལྡན་དཀར་ཆུ་འཛོམས་ནས་ས་མཐོའི་དཀར་ཆུའི་ལས་རིགས་ཀྱི་སྒུལ་ནུས་ གསར་པ་འཕེལ་བར་བྱས་པ།

(པར་ངོས་གཉིས་པར་མཐུད)གྲོང་མི་མི་ཉུང་བ་ཞིག་གིས་བྲོ་བ་མྱོང་རྗེས་གཅིག་རྗེས་གཉིས་མཐུད་ངང་མངགས་ཉོ་བྱེད་ཀྱི་ཡོད་པས་ས་ཡུལ་དངོས་སུ་ཧ་ཅང་འཁྲུག་པོ་ཡོད། ང་ནི་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཤིང་ཚང་གྲོང་ཚོ་ནས་ཡིན། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ་ཞིག་ཡིན། ང་ཚོའི་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་འབྲིའི་འོ་མ་དང་། ཞོ། མར། ཕྱུར་བ་བཅས་ཚང་མ་ལག་ཤེས་རྐྱང་པས་བཟོས་པ་ཤ་སྟག་རེད། དེ་རིང་སྟབས་ལེགས་པ་ཞིག་ལ་ལས་སྟེགས་ཡག་པོ་འདི་འདྲར་བརྟེན་ནས་ང་ཚོའི་ཐོན་རྫས་འགྲེམས་སྟོན་བྱས་ཏེ་མི་དེ་བས་མང་བས་ཐོན་རྫས་འདི་དག་ཤེས་རྟོགས་ཐུབ་པ་བྱས་པས་ང་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་འགྲེམས་ཚོགས་འདིར་ཞུགས་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་འགྲེམས་ཞུགས་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་བཟང་མོས་བཤད།

ད་ཐེངས་ཀྱི་འགྲེམས་ཚོང་གི་དུས་ཚོད་ནི་2025ལོའི་ཟླ་8ཚེས་24ཉིན་ནས་ཚེས་31ཉིན་བར་ཡིན་པ་རེད། ཉིན་8རིང་གྲོང་མི་ཚོས་ས་མཐོའི་བྲོ་བ་མྱོང་བ་ཞིམ་པོ་དང་དཀར་ཆུའི་ལས་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བའི་དུས་ཚོད་འདང་ངེས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དཀར་ཆུའི་ལས་རིགས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཧྲེང་ལུང་གིས་ད་ཐེངས་ཀྱི་འགྲེམས་ཚོང་བརྒྱུད་བོད་ཀྱི་དཀར་ཆུའི་ཐོན་རྫས་ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྷ་སའི་དཀར་ཆུའི་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དེ་བས་མང་བས་ས་མཐོའི་དཀར་ཆུའི་ཐོན་རྫས་ཤེས་རྟོགས་དང་དེར་དགའ་པོ་བྱ་རྒྱུའི་རེ་བ་ཡོད། སྣ་མང་ཕུན་སུམ་ཚོགས་པའི་དཀར་ཆུའི་ཐོན་རྫས་འགྲེམས་ཚོང་ཕུད། ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་ད་དུང་མཉམ་འགུལ་ལྷུ་ཚིགས་དང་ལྟད་མོ་ཆེ་བའི་ལེ་ཚན་མང་པོ་ཇུས་འགོད་ཞིབ་ཚགས་བྱས་ཡོད། འགྲེམས་སྟོན་ནང་ཞུགས་མཁན་ཚོས་ཞོ་དང་དེ་བཞིན་དཀར་ཆུའི་ཐོན་རྫས་གཞན་དག་སྣ་ཚོགས་ཀྱི་བྲོ་བ་མྱོང་ཐུབ་པར་མ་ཟད། ད་དུང་ཤེས་བྱའི་དྲི་བ་དྲིས་ལན་དང་མཉམ་འགུལ་རོལ་རྩེད་སོགས་ཀྱི་བྱེད་སྒོའི་ནང་ཞུཊ་ནས་མི་རིགས་ཀྱི་རིག་གནས་དང་སྤྲོ་སྣང་ལྡན་པའི་དུས་ཆེན་གྱི་རྣམ་པ་མྱོང་རོལ་བྱེད་ཐུབ་ཅེས་བཤད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207321.html 1 ཁྱད་ལྡན་དཀར་ཆུ་འཛོམས་ནས་ས་མཐོའི་དཀར་ཆུའི་ལས་རིགས་ཀྱི་སྒུལ་ནུས་ གསར་པ་འཕེལ་བར་བྱས་པ། /enpproperty-->