分享按钮

ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

(པར་ངོས་གཉིས་པར་མཐུད)གླིང་ཁུལ་དུ་སྡོད་ས་སྟོང་པ་གཅིག་ཀྱང་མེད་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་ས་སྟེང་དུ་གདན་བཏིང་ནས་སྡད་དེ་ཞོ་སྟོན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་བཞིན་ཡོད། ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལིན་ལཊ་ཀྱིས་ལྷ་མོའི་འཁྲབ་སྟོན་ལ་ཁྱད་ཆོས་ཟབ་མོ་ལྡན་འདུག་ལ། ལྷ་སའི་འགྱུར་ལྡོག་ཀྱང་ཧ་ཅང་ཆེ་བས་མུ་མཐུད་དར་ཞིང་རྒྱས་པར་ཤོག་ཅེས་བཤད།

རྫོང་རྒྱབ་ཀླུ་ཁང་དུ་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་པ་ཕུད། ད་དུང་གཟིམ་སྤོས་དང་། ཐང་ག ཞོ། བོད་ཤོག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་དང་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་ཚོར་ཐུབ་པར་བྱས་ཡོད།

ཚེ་སྨོན་གླིང་མི་རིཊ་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་ཀྱི་འགན་འཁུར་བ་པ་སངས་བདེ་སྐྱིད་ཀྱིས་འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་གཞོལ་ནས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་བརྒྱུད་ཞིང་འབྲོག་མང་ཚོཊ་ཀྱི་ཡོང་འབབ་མང་དུ་བཏང་ཡོད། ཞོ་སྟོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་འགྲེམས་སྟོན་དེ་བརྒྱུད་ང་ཚོའི་ལག་ཤེས་ཐོན་རྫས་རྒྱ་ཆེའི་ཡུལ་སྐོར་བར་འོས་སྦྱོར་བྱས་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མངོན་པར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207320.html 1 ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ། /enpproperty-->