分享按钮

ལྷ་སའི་དམངས་གཞས་རོལ་དབྱངས་འདུ་ཚོགས་ཚལ་སྣེའི་མཛེས་ལྗོངས་ཁུལ་དུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི་གསུང་སྐད་སྙན་པོས་ལྷ་སར་ཡུལ་སྐོར་བྱེད། དམངས་གཞས་རོལ་དབྱངས་འདུ་ཚོགས་སྐབས་དང་པོ་ཆུ་ཤུར་རྫོང་ཚལ་སྣེའི་མཛེས་ལྗོངས་ཁུལ་དུ་འཚོགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྷ་སའི་དམངས་གཞས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ལྷ་ས་གྲོང་ཁྱེར་གྱིས་ཐོག་མར་གཉེར་བའི་དམངས་གཞས་ཀྱི་གཙོ་དོན་རོལ་དབྱངས་འདུ་ཚོགས་དང་བྱེད་སྒོའི་ཐོག་དཔལ་ཡུལ་བཀྲ་ཤིས་དང་། ཕུན་ཚོགས་ཆོས་སྒྲོན། ཁུ་བྱུག་རོལ་དབྱངས་རུ་ཁག་སོགས་གླུ་གཞས་ལ་དགའ་པོ་བྱེད་མཁན་གཞས་མ་དང་རོལ་དབྱངས་རུ་ཁག་གདན་དྲངས་ཡོད། གྲོང་མི་བསྟན་འཛིན་འཇིགས་མེད་ཀྱིས་འདི་གར་མི་ཧ་ཅང་མང་པོ་ཡོད་ལ་ཡུལ་ལྗོངས་ཀྱང་མཛེས་པོ་ཡོད་པར་མ་ཟད། དེ་རིང་གཞས་པ་དང་རོལ་ཆ་རུ་ཁག་གིས་བཏང་བའི་གླུ་གཞས་ཚང་མར་ང་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་པས། ཚང་མས་ཧ་ཅང་དགའ་པོ་བྱེད་ངེས་རེད་ཅེས་བཤད།

ད་ཐེངས་ཀྱི་དམངས་གཞས་རོལ་དབྱངས་འདུ་ཚོགས་ཐོག་ལྷ་སའི་དམངས་གཞས་གཞི་རྟེན་དུ་བྱས་ནས་ལྷ་སའི་དམངས་གཞས་དེ་ཀྲུང་ཧྭའི་རིག་གནས་ཁྱིམ་ཚང་ཆེན་མོའི་ཁྲོད་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་འཕེལ་རྒྱས་ཀྱི་རིག་གནས་སྣ་མང་རང་བཞིན་དང་། བསྟུན་མཁས་རང་བཞིན། གསར་གཏོད་རང་བཞིན་བཅས་ཞིབ་ཚགས་ངང་མངོན་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་སྤྱི་པའི་ཞབས་ཞུ་ཁོའོ་ཡི་ཁོའོ་ཀྲང་བདེ་གཡང་གིས་ད་རེས་ཀྱི་དམངས་གཞས་འདུ་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་བྱེད་སྒོ་གཉེར་ཡུལ་ཆུ་ཤུར་རྫོང་ཚལ་སྣེའི་མཛེས་ལྗོངས་ཁུལ་དུ་བདམས་ནས་གླིང་ཁའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བཤད་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207318.html 1 ལྷ་སའི་དམངས་གཞས་རོལ་དབྱངས་འདུ་ཚོགས་ཚལ་སྣེའི་མཛེས་ལྗོངས་ཁུལ་དུ་འཚོགས་པ། /enpproperty-->