分享按钮

ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དམངས་སྲིད་ཞབས་ཞུའི་ས་ཚིགས་སུ་རྒན་རྒོན་ལ་གཅེས་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་ཀླུ་པ་སྟོད་གྲོང་ཚོའི་ཁེར་སྡོད་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་དེ།སྒོ་རྩར་དྲོ་སྐྱིད་སྦྱིན།བརྩེ་སེམས་རྒན་རྒོན་ལ་བཅངས་ཞེས་པའི་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་།ཚལ་ཉོ་བ་དང་ལྟོ་ཆས་བཟོ་བ།བདེ་ཐང་བློ་འདྲི་སོགས་ཀྱི་སྙིང་ཉེ་བའི་བྱེད་ཐབས་བརྒྱུད།དམངས་འཚོ་འགན་ལེན་གྱི་དྲོ་སྐྱིད་རྒན་རྒོན་ལ་སྦྱིན་པ་རེད།

ཞོགས་པ་སྔ་པོ་ནས་མཚོ་སྟོད་ཤང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པས་བཟའ་བཅའ་སོས་པ་འཁྱེར་ནས་ཀླུ་པ་སྟོད་གྲོང་ཚོར་སྐྱོད་སྐབས།ལོ་81ལ་སླེབས་པའི་བགྲེས་སོང་རྣམ་རྒྱལ་ཆོས་འབྱོར་ཁང་པའི་ནང་བཞུགས་ཡོད་པ་དང་།ཁོང་གི་ངོ་གདོང་ནས་འཛུམ་མདངས་འཕྱུར།ཚང་མས་རྒྱུས་མངའ་ཡོད་པའི་སྒོ་ནས་ལས་བགོས་བརྒྱབ་པ་དང་།ལ་ལ་ཇ་ཁང་དུ་ལས་ཀ་བྲེལ་བ་ཆེ་བ་དང་།ལ་ལ་རྒན་རྒོན་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་རྒན་རྒོན་གྱི་སྨན་སྤྱོད་ཚུལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

རྣམ་རྒྱལ་ཆོས་འབྱོར་གྱིས་ཁོང་ཚོས་རྟག་ཏུ་ཚལ་ཉོས་ནས་ང་ལ་ཟ་མ་བཟོ་གི་ཡོད།མ་གཞི་རང་ཁྱིམ་གྱི་ཕྲུ་གུ་མིན་ཡང་ཕྲུ་གུ་དངོས་དང་འདྲ་བར་ང་ཚོར་ལྟ་རྟོག་ཡག་པོ་བྱས་པས།ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་འདུག་ཅེས་བཤད།

རྒན་རྒོན་རྣམ་རྒྱལ་ཆོས་འབྱོར་གྱི་འཚོ་བར་བར་ཆད་མང་པོ་འཕྲད་མྱོང་བ་དང་།ཁྱིམ་དུ་མ་གཞི་ནས་བུ་མོ་ཞིག་ཡོད་མོད།འོན་ཀྱང་སྟབས་མ་ལེགས་པར་བུ་མོ་དེ་ཚེ་ལས་འདས་ནས་སྐྲ་དཀར་གྱིས་སྐྲ་ནག་པོ་སྐྱེལ་བའི་སྡུག་བསྔལ་ཁོང་གིས་མྱངས་ཡོད།ད་ཆ།ཁྱིམ་དུ་མི་རབས་ཆུང་བས་ལྟ་རྟོག་བྱེད་མཁན་མེད་པས།རྣམ་རྒྱལ་ཆོས་འབྱོར་གྱིས་གཅེན་གཅུང་གསུམ་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད།ཁོ་ཚོ་ནམ་རྒྱུན་འགུལ་སྐྱོད་བྱེད་པར་སྟབས་མི་བདེ་བས་འཚོ་བའི་སྟེང་གི་དོན་དག་ཆེ་ཆུང་ཚང་མར་ཕྱར་བ་གྲུ་འདེགས་བྱས་ནས་ཁ་གཏད་གཅོག་གི་ཡོད།

མཚོ་སྟོད་ཤང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པ་བསྟན་འཛིན་ལྷ་མོས་དུས་རྒྱུན་ང་ཚོས་དུས་བཀག་ལྟར་སྔོ་ཚལ་དང་ཤིང་ཏོག་ཉོས་ནས་སྐྱེལ་གྱི་ཡོད།ཁོང་ཚོར་དགོས་མཁོ་ཡོད་ཚེ་ང་ཚོས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད།

ཕྱིས་འབྱུང་།མཚོ་སྟོད་ཤང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་ཞུ་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་ནས་རྒས་དུས་བརྟེན་ས་ཡོད་པ་དང་།ཁྱིམ་མཚེས་དབར་རོགས་རེས་བྱེད་པའི་དྲོ་སྐྱིད་ལྡན་པའི་སྡེ་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207317.html 1 ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དམངས་སྲིད་ཞབས་ཞུའི་ས་ཚིགས་སུ་རྒན་རྒོན་ལ་གཅེས་པའི་བྱེད་སྒོ་སྤེལ་བ། /enpproperty-->