分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་བཞག་པ།

(པར་ངོས་དང་པོར་མཐུད)ཉིན་དེའི་སྔ་དྲོའི་ཆུ་ཚོད་10པར་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་།ཡུལ་དངོས་སུ་སྟོད་ལུང་བདེ་ཆེན་ཆུས་ཀྱི་དྲིལ་བསྒྲགས་པར་གཞི་བསྟན་པ་དང་།པར་གཞི་ཐུང་གྲས་དེ་པར་གཞི་གསོན་ཉམས་དོད་པ་བརྒྱུད་ནས་ས་གནས་དེ་གའི་ས་བབ་ཀྱི་ལེགས་ཆ་དང་།ཐོན་ལས་ཀྱི་རྨང་གཞི།ཚོང་གཉེར་གྱི་ཁོར་ཡུག་བཅས་མངོན་པར་བྱས་ནས་དེ་གར་ཡོད་པའི་སྐུ་མགྲོན་ཚོས་ས་ཁོངས་འདི་གའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཐད་ཀར་མཐོང་ཐུབ་པར་བྱས་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཆུས་སྲིད་གཞུང་གི་ཚབ་ཞུས་ནས་ཁེ་ལས་བཞིའི་འཐུས་མི་དང་མཉམ་ལས་གྲོས་མཐུན་བཞག་པ་རེད།གན་འཇོག་རྣམ་གྲངས་འདེམས་སྒྲུག་ཐེངས་མང་བྱས་པ་བརྒྱུད།ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་དང་།རླུང་གཟུགས་སྒྲིག་ཆས་ཞིབ་སྤེལ།རིག་ལྡན་བཟོ་ལས་ཀྱི་ས་གཞིས་དང་ཆིང་ནུས་རྒྱུའི་ཚན་རྩལ་སོགས་ཁྱབ་ཁོངས་ཚུད་པའི་ས་ཁོངས་ཐོན་ལས་འཆར་འགོད་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད།རྣམ་གྲངས་དེ་དག་གིས་ལས་ཞུགས་འབོར་ཆེན་ལ་སྐུལ་ཁྲིད་ཐུབ་ནས་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་འགྲོ་རྒྱུར་རམ་འདེགས་ཐུབ་སྟེ་ས་ཁོངས་ཀྱི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།མཛད་སྒོའི་ཐོག་ཁེ་ལས་ཀྱི་འཐུས་མིས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་གཉེར་གྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཁས་ལེན་གང་ལེགས་གནང་ཞིང་།ཚང་མས་ས་གནས་དེ་གའི་ནུས་ཆེའི་སྲིད་དོན་ཞབས་ཞུ་དང་ཁ་གསལ་བའི་ཐོན་ལས་བཀོད་སྒྲིག་ནི་ཁེ་ལས་གཞིས་ཆགས་ཀྱི་ཡིད་དབང་འགུགས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས།རྣམ་གྲངས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་པ་རེད།

མིང་རྟགས་འགོད་པའི་མཛད་སྒོ་བདེ་བླག་ངང་གཉེར་བ་དེ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་པས།ས་གནས་འདི་གའི་ཐོན་ལས་རིམ་སྤོར་ལ་སྔར་བས་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 6 6 拉萨日报藏文 c206917.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་བཞག་པ། /enpproperty-->