分享按钮

ལྷ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ཁྲེང་ཀོན་ཝན་ཏ་ཐང་ཆེན་དུ་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ཞེས་པ་གཙོ་དོན་དུ་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་ཐབས་སྣ་མང་བརྒྱུད་ནས་སྐྱེ་ཁམས་ཀྱི་འདུ་ཤེས་ཁྱབ་གདལ་དུ་བཏང་བ་དང་། གྲོང་མི་500ལྷག་ཙམ་བྱེད་སྒོའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཁོར་ཡུག་སྲུང་སྐྱོང་ཁེ་ལས་དང་དང་བླངས་རྩ་འཛུཊ་མང་པོ་འཛོམས་པ་དང་། ལས་དོན་པས་གྲོང་མིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཊ་སྐྱོང་གི་སྲོལ་ཡིག》སོགས་དྲིལ་བསྒྲཊ་དཔྱད་ཡིག་སྣ་ཁ་80ལྷག་ཙམ་དང་ངོ་གྲངས་3000ལྷག་ཙམ་སྤྲད་པ་དང་། ཁོར་ཡུག་སྲུང་སྐྱོང་ཁུག་མ་དང་དེབ་རྟགས་སོཊ་དྲིལ་བསྒྲཊ་དངོས་རྫས་2000ལྷག་ཙམ་སྤྲད་པ་རེད། ནང་དོན་ཐད་སྐྱེ་ཁམས་སྲུང་སྐྱོང་གི་ཐབས་ཇུས་དང་། ཐཱན་ཉུང་འཚོ་བའི་ལག་ལེན། གད་སྙིགས་རིཊ་དབྱེའི་ཚད་གཞི་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཀྱི་འགན་འཁྲི་སོཊ་ཚུད་ཡོད། པར་རིས་དང་ཡི་གེའི་དཔེ་མཚོན་དང་ཡུལ་དངོས་སུ་འགྲེལ་བཤད་བརྒྱབ་པ་བརྒྱུད་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་མང་ཚོཊ་དང་སྔར་བས་ཉེ་བཅར་ཐུབ་པར་བྱས་ཡོད།

བྱེད་སྒོའི་ནང་གསར་གཏོད་རང་བཞིན་གྱིས་མཉམ་འགུལ་དང་ཉམས་ལེན་ཁུལ་བཀོད་སྒྲིག་བྱས་པ་དེ་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་བ་སྟེ། གད་སྙིགས་རིགས་དབྱེའི་འགག་སྒྲོལ་རོལ་རྩེད་ཁྲོད་གྲོང་མི་ཚོས་གད་སྙིགས་གད་སྣོད་ནང་བླུག་པའི་འགྲན་སྟེགས་འགྲན་བསྡུར་བརྒྱུད་དེ་དོན་སྙིང་ལྡན་པའི་འགྲན་བསྡུར་ཁྲོད་ནས་གད་སྙིགས་རིགས་དབྱེའི་གཙོ་གནད་ཁོང་དུ་ཆུད་པར་བྱས་པ་དང་། རླུང་ཁམས་ཆེན་མོ་དང་འཛེར་སྒྲ་ལྟ་ཞིབ་ཚད་ལེན་ཁུལ་དུ་འཁྱེར་བདེའི་སྒྲིག་ཆས་ལ་བརྟེན་ནས་ཐལ་རྡུལPM2.5དང་འཛེར་སྒྲ་ཆེ་ཆུང་སོགས་ཀྱི་གྲངས་གཞིའི་འགྱུར་ལྡོག་དུས་ཐོག་ཏུ་མངོན་པར་བྱས་ཏེ། ལྐོག་འགྱུར་གྱི་སྤྱི་མཚན་དེ་ཤེས་ཐུབ་པའི་ལག་ལེན་གྱི་སློབ་ཚན་ཞིག་ཏུ་གྱུར་བར་བྱས་ཡོད། ཚན་རིག་ཁྱབ་གདལ་དང་ཉམས་ལེན་ཟུང་འབྲེལ་བྱེད་སྟངས་ཀྱིས་གྲོང་མི་བྱེད་སྒོའི་ནང་ཞུགས་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སྤྱི་དམངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་ཕྱིན་ནས་དམངས་ཡོངས་ཀྱིས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་རྣམ་པ་གཏོད་རྒྱུར་རྨང་གཞི་བཏིང་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 6 6 拉萨日报藏文 c206912.html 1 ལྷ་སར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->