ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་བསྐུར་སྐྱེལ་ཐབས་ལམ་གྱི་བདེ་འཇགས་ཞབས་ཞུའི་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་བསྐུར་སྐྱེལ་བདེ་འཇགས་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་མཉམ་འབྲེལ་ཐོག་ཟླ་8ཚེས་14ཉིན་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་བསྐུར་སྐྱེལ་ཐབས་ལམ་གྱི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། གཙོ་བོ་ཁེ་ལས་གསུམ་གྱི་སྤྱི་ཁྱབ་པུའི་གཅིག་སྡུད་ས་ཁོངས་སུ་ཁྱོན་ཡོངས་ནས་ལེབ་བཤེར་བྱས་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་བྱེད་སྒོའི་རིང་བསྐུར་སྐྱེལ་ཐབས་ལམ་གྱི་ཐོན་སྐྱེད་བདེ་འཇགས་དང་ཞབས་ཞུའི་འགན་ལེན་ལ་དམིགས་པ་དང་། དེའི་དམིགས་ཡུལ་ནི་ལྟ་སྐུལ་དོ་དམ་དང་གྲལ་བཤེར་ནན་པོ་བྱས་པ་བརྒྱུད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོས་ཏེ་བསྐུར་སྐྱེལ་ལྷུ་ཚིགས་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱ་རྒྱུ་དེ་རེད། ཁྲིམས་འཛིན་པས་ཁེ་ལས་ཀྱི་དབྱེ་འབྱེད་འཁོར་ཁང་དང་མཛོད་ཉར་བྱ་ཡུལ་སོགས་ལྟེ་བའི་ས་ཁོངས་སུ་བསྐྱོད་དེ་བསྐུར་སྐྱེལ་གྱི་ལམ་ལུགས་ཁག་གསུམ(མིང་ངོ་མ་འགོད་པ་དང་། བསྐུར་ལེན་ཞིབ་བཤེར། འཕྲུལ་འཁོར་བརྒྱུད་པའི་བདེ་འཇགས་ཞིབ་བཤེར)དོན་འཁྱོལ་བྱས་ཚུལ་དང་། མེ་ཟོན་བདེ་འཇགས་སྒྲིག་བཀོད་བཀོད་སྒྲིག་དང་འཁོར་སྐྱོད་ཀྱི་གནས་ཚུལ། ཐུམ་སྒྲིལ་དབྱེ་འབྱེད་ཀྱི་བདེ་འཇགས་ཞིབ་བཤེར་དང་བཀོལ་སྤྱོད་ཚད་ལྡན་སོགས་འགག་རྩའི་ལྷུ་ཚིཊ་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད། ཞིབ་བཤེར་བྱེད་རིང་ཤེས་རྟོཊ་བྱུང་བའི་ཞིབ་ཕྲའི་གནད་དོན་ཁག་གཅིག་ལ་ཁྲིམས་འཛིན་པས་ས་ཡུལ་དངོས་སུ་ཁེ་ལས་ཀྱིས་འཕྲལ་སྒྲུབ་འཕྲལ་བཅོས་བྱ་རྒྱུར་ལྟ་སྐུལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྦྲག་ཐོག་བསྐུར་མའི་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བ་རེད།
ལྷ་ས་སྦྲག་ཁུལ་ལྟེ་གནས་ཕྱོགས་བསྡུས་གཞུང་དོན་ཁང་གི་ཀྲུའུ་རེན་པ་སངས་ཚེ་རིང་གིས་སླད་ཕྱིན་ང་ཚོས་རྒྱལ་ཁབ་རུ་ཁག་གི་འགན་འཁྲི་ཏན་ཏིག་ཁུར་ནས་བཀག་རྒྱ་ལྔ་དམར་ཐིག་ཏུ་བྱས་ཏེ་ལུགས་མཐུན་གཉེར་སྐྱོང་གི་འགོག་སྲུང་འཛིང་རཊ་བརྟན་དུ་གཏོང་བ་དང་སྦྲག་བསྐུར་ཐབས་ལམ་གྱི་བདེ་འཇཊ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་གཡས་གཞོགས་གཡོན་འདེགས་ཀྱིས་ལྷ་ས་སྦྲག་ཁུལ་གྱི་ལྟེ་བའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
ཞིབ་བཤེར་བྱེད་རིང་ཁྲིམས་འཛིན་པས་ད་དུང་སྦྲག་བསྐུར་ཁེ་ལས་ཁག་ལ་བྱེད་སྒོ་གལ་ཆེན་སྤེལ་རིང་གི་བདེ་འཇཊ་ཞབས་ཞུའི་འགན་ལེན་བླང་བྱ་བསྐྱར་བསྒྲཊ་བྱས་ཏེ་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ནང་ཁུལ་གྱི་བདེ་འཇཊ་དོ་དམ་དང་ལས་བཟོ་བའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྦྲག་བསྐུར་ཐབས་ལམ་ཧྲིལ་པོ་བདེ་འཇགས་དང་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་ཁྲོམ་ར་ལྟ་སྐུལ་ཁོའོ་ཡི་ཉི་ཚེས་བྱེད་སྒོ་གལ་ཆེན་སྤེལ་རིང་བསྐུར་སྐྱེལ་བདེ་འཇཊ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ང་ཚོས་ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་བརྒྱུད་ཁེ་ལས་ཀྱི་བདེ་འཇཊ་འགན་འཁྲི་ཕྱོཊ་ཡོངས་ནས་ནན་དུ་བཏང་སྟེ་ལྷུ་ཚིཊ་ཚང་མར་སྐྱོན་ཆ་མི་ཐོན་པའི་འགན་ལེན་དང་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社