ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་15ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་དཔྱད་དཔོག་དང་ཕྱོགས་སྡོམ་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་གསན་པ། རྗེས་མཐུད་ཀྱི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། གྲོང་ཁྱེར་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚན་པའི་ཀྲུའུ་རེན་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་སྦྱོང་དང་། ཞིབ་བཤེར།བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་སྦྱོང་སློབ་གསོ་དེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་3949ཡི་ཁྲོད་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་ཏང་ཡོན་ལས་བྱེད་པ་ཁྲི་6ལྷག་ཙམ་ཁྲོད་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སློབ་སྦྱོང་སློབ་གསོའི་ངོས་འཛིན་སླར་ཡང་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་གོ་ཆོད་ཀྱི་སྒྲིག་ལམ་ནན་པོ་དང་ཚད་ཤིང་བརྟན་པོ་ཞིག་ཡིན་པ་སེམས་གཏིང་ནས་ཚོར་ཐུབ་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།
གཙོ་གནད་ལས་འགན་ལ་དམིགས་ཏེ་སློབ་སྦྱོང་སློབ་གསོའི་བྱེད་ཐབས་སླར་ཡང་དོན་དངོས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་དམ་འཛིན་དང་དམ་འཛིན་ཞིབ་ཚགས་ཀྱི་བླང་བྱ་གཞིར་བཟུང་སློབ་སྦྱོང་གཏིང་ཟབ་དང་། གཅིག་སྡུད་བཅོས་སྒྲིག ཚོད་སྐོར་ཕྱོགས་སྡོམ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་འཁྱོལ་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་སློབ་གསོའི་འགན་འཁྲི་སླར་ཡང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་བར་དམག་མི་གཏན་ནས་ཕྱིར་འཐེན་མི་བྱེད་པའི་ཆོད་སེམས་བརྟན་པོ་བཅས་ཀྱི་ཐོག་ནས་ལས་འགན་ཁག་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社