分享按钮

མལ་གྲོ་གུང་དཀར་རྫོང་རབ་བརྟན་དགོན་པའི་དོ་དམ་ཨུ་ལྷན་གྱིས་དགོན་སྡེར་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན། མལ་གྲོ་གུང་དཀར་རྫོང་རབ་བརྟན་དགོན་པའི་དོ་དམ་ཨུ་ལྷན་གྱིས་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ། འབད་འབུངས་མདུན་སྐྱོད་བྱེད་ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་དགོན་སྡེར་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་དགོན་སྡེའི་གྲྭ་བཙུན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོཊ་སུ་བཏང་བ་རེད།

བྱེད་སྒོ་དེ་མལ་གྲོ་གུང་དཀར་རྫོང་ཕྱི་མ་ཁ་གྲོང་ཚོའི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་བྱས་པའི་ལྷ་མོ《འགྲོ་བ་བཟང་མོ》ཞེས་པའི་ཁྲོད་འགོ་ཚུགས་པ་རེད། སྒྲ་གདངས་རིང་བའི་རྣམ་ཐར་དང་མདོར་བསྡུས་པའི་ཟློས་གར་གྱི་ནང་དོན་གྱིས་ཡུལ་དངོས་ཀྱི་གྲྭ་བཙུན་དང་མང་ཚོགས་ཀྱི་ཡིད་དབང་བཀུག་ཡོད། དེ་གའི་མང་ཚོགས་བྱམས་པ་བཟང་པོས་ད་ཆ་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་མགྱོགས་ལ་འགྱུར་ལྡོག་ཀྱང་ཧ་ཅང་ཆེན་པོ་བྱུང་ཡོད། སྔོན་ཆད་ངའི་ཁྱིམ་མི་རྟ་བཞོན་ནས་ཕྱིར་སྐྱོད་པ་དང་འབྲི་གཡག་གིས་ཅ་དངོས་དབོར་འདྲེན་བྱེད་ཀྱི་ཡོད། ད་ཆ་རླངས་འཁོར་ཆུང་གྲས་དང་སྦག་སྦག་ཡོད་པས་འཚོ་བར་སེམས་ཁྲལ་གང་ཡང་མེད་པ་དང་། ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད། ངས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ཅེས་བཤད།

ལྷ་མོའི་འཁྲབ་སྟོན་བྱས་རྗེས་མལ་གྲོ་ཞབས་བྲོ་ཚོགས་པའི་གྲོག་ཕུ་གྲོང་ཚོའི་དམངས་ཁྲོད་སྒྱུ་རྩལ་རུ་ཁག་གི་ཁོངས་མིས་ཚང་མར་ནང་མ་སྟོད་གཞས་གཙོ་བོར་བྱས་པའི་འཁྲབ་སྟོན་བྱས་པ་དང་། ཚང་མས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བ་དང་རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་མ་ཟད། རྒྱ་ཆེའི་གྲོང་མི་དང་གྲྭ་བཙུན་གྱི་བསམ་པའི་རིག་གནས་འཚོ་བའང་ཕུན་སུམ་ཚོཊ་སུ་ཕྱིན་ཡོད།

དགེ་འདུན་པ་ཡེ་ཤེས་ཆོས་འཕེལ་གྱིས་ལོ་ངོ་60ཡི་ཚུན་དུ། ང་ཚོའི་དགོན་སྡེའི་འཚོ་བ་དང་། མང་ཚོགས་ཀྱི་འཚོ་བ། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་བཅས་སྔར་བས་ལེགས་སུ་ཕྱིན་པར་མ་ཟད། ང་ཚོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་ཐུབ་པའི་རེ་བ་འཆང་བཞིན་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 6 6 拉萨日报藏文 c206904.html 1 མལ་གྲོ་གུང་དཀར་རྫོང་རབ་བརྟན་དགོན་པའི་དོ་དམ་ཨུ་ལྷན་གྱིས་དགོན་སྡེར་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ། /enpproperty-->