分享按钮

བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་བཏོད་པ།

པར་འདི་ནི་སྡེ་ཁུལ་གྱི་ལས་དོན་པས་ལམ་ངོས་གཙང་སེལ་བྱེད་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད། བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་བཀོད་སྒྲིག་ཞིབ་ཚཊ་དང་ས་ཁོངས་ཧྲིལ་པོ་མཉམ་འགུལ་བྱས་ཏེ་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ་ནུས་ཤུགས་ཡོད་རྒུས་རྟེན་འབྲེལ་གྱི་རྣམ་པ་ཟབ་མོ་བཏོད་པ་རེད།

ཉིན་ཤས་བསྟུད་མར། བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཡོན་གྱིས་དྲ་མིག་པའི་སྣེ་ཁྲིད་དེ་ཁོངས་གཏོགས་ཁུལ་གྱི་གློག་སྒམ་30ཡི་གློག་ཁེབས་ལ་གཅིག་སྡུད་ཐོག་གྲལ་བཤེར་བྱས་ནས་གློག་ཁེབས་ལ་གཏོར་སྐྱོན་མི་ཤོར་བའི་འགན་ལེན་བྱས་པར་མ་ཟད། གློག་སྒམ་གསར་རྐྱང་དུ་བཟོས་ཡོད། དུས་གཅིག་ཏུ་སྔོ་ལྗང་ཁུལ་5ཡི་ནང་གི་སྡོང་རྐང་སྐམ་པོ་དུས་ཐོག་ཏུ་གཙང་འདྲེན་བྱས་པ་དང་སྦྲགས།ཤིང་སོན་གསར་པ་གསབ་འཛུཊ་བྱ་རྒྱུའི་གོང་ཞུ་བྱས་ནས་སྔོ་ལྗང་ཁུལ་དུ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།

དེའི་གོང་དུ་ཁོངས་གཏོགས་ཁུལ་གྱི་སྒོ་ར་ཆེན་མོ་18དང་ཁྲོམ་གཞུང་བརྒྱབ་ཀྱི་སྲང་ལམ་142ཀྱི་ཚོང་ཁང་གི་རྡོ་སྐས་ལ་ལོ་མང་རིང་ཉམས་གསོ་མ་བྱས་པའི་རྐྱེན་གྱིས་སེར་ཁ་གས་པ་དང་། ལྷུ་ཞིག་གཡོ་འགུལ་བྱེད་པ། མཐོ་དམན་སྙོམས་པོ་མེད་པ་བཅས་ཀྱི་གནད་དོན་ཐོན་ནས་གྲོང་མིའི་རྒྱུན་གཏན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཐོན་ཡོད། ད་ཆ་སྐས་རིམ་འགའ་བཤིག་ནས་མཐོ་དམན་སྙོམས་རྗེས་འགྲོ་སྐྱོད་ཐད་སྔར་བས་བདེ་འཇགས་ལྡན་པར་གྱུར་ཡོད།

སྡེ་ཁུལ་གྱིས་གནའ་གྲོང་གི་རྣམ་པ་གཅིག་གྱུར་ལ་གཞིགས་ནས་ཤམ་བུ་རྙིང་པ་གསར་བརྗེས་ཀྱི་ལས་དོན་སྤེལ་ཡོད། བརྗེ་པོ་རྒྱག་པའི་བརྒྱུད་རིམ་ནང་ཚང་མས་ཤམ་བུ་རྙིང་པ་བཀྲོལ་བ་དང་། སྒེའུ་ཁུང་གི་སྒྲོམ་གཞི་གཙང་སེལ་བྱེད་པ། ཤམ་བུ་གསར་པ་བསྒར་བ་བཅས་བྱས་ནས་ཁོད་སྙོམས་ཤིང་ལྟ་ན་སྡུག་པའི་འགན་ལེན་བྱས་ཡོད། གྲོང་མི་མང་ཚོགས་ཀྱིས་ཀྱང་གཞོཊ་འདེཊ་ཧུར་ཐག་བྱེད་ཀྱིན་ཡོད། ཁྲོམ་གཞུང་རྒྱུད་ཀྱི་ཚོང་དུད་བསོད་ནམས་ཀྱིས་ཤམ་བུ་གསར་པ་བསྒར་བ་ལས་ཚོང་ཁང་དེ་བས་བཀོད་པ་ལེཊ་པ་དང་གནའ་གྲོང་གི་རྣམ་པ་དང་གཅིག་རམ་གཅིག་འདེགས་བྱུང་ཡོད་ཅིང་། ཚོང་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་པར་མ་ཟད། གནའ་གྲོང་ལ་དེ་བས་དགའ་སྤྲོའི་རྣམ་པ་ཞིག་སྦྱིན་པས་བལྟས་པ་ཙམ་གྱིས་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག་ཅེས་བཤད།

སྡེ་ཁུལ་གྱི་ཁོར་ཡུག་མཛེས་སྡུག་ལྡན་དགོས་པར་མ་ཟད། ད་དུང་བདེ་འཇགས་ཀྱང་ལྡན་དགོས། ཉེ་ཆར། སྡེ་ཁུལ་གྱི་དྲ་མིག་པ་ཁོངས་གཏོགས་ཁུལ་གྱི་འདུ་གནས་ཆུང་གྲས་དགུ་155དང་དེ་བཞིན་ཚན་པ་12ལ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་ཚད་གཞི་གཞིར་བཟུང་མེ་གསོད་ཆུ་སྒོ་སྒྲིག་སྦྱོར་དང་། སྐྱོན་ཆ་ཤོར་ཡོད་མེད། ཆུ་མཁོ་འདོན་གྱི་གནས་ཚུལ་བཅས་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། དྲ་མིག་པས་མེ་གསོད་ཆུ་སྒོའི་ཕྱི་ངོས་ལ་གཏོར་སྐྱོན་བྱུང་ཡོད་མེད་དང་བཙའ་བརྒྱབ་ཡོད་མེད་ལ་ནན་ཏན་གྱིས་ལྟ་ཞིབ་བྱས་པ་དང་མེ་གསོད་ཆུ་ཐག་དང་ཆུ་མདའ་སོགས་ལྷུ་ལག་ཆ་ཚང་མིན་སོགས་ལ་ཞིབ་བཤེར་བྱས་ཡོད།

སྡེ་ཁུལ་གྱིས་ད་དུང་མེ་ཟོན་ས་ཚིགས་ཀྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ནང་སྦྱོང་མ་བྱས་གོང་། གནའ་གྲོང་གི་མེ་ཟོན་མི་སྣས་མེ་གསོད་ཡོ་བྱད་དང་། མེ་གསོད་ས་གདན། དུ་འགོག་གདོང་ཁེབས་སོགས་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 6 6 拉萨日报藏文 c206903.html 1 བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་བཏོད་པ། /enpproperty-->