分享按钮

ལྷ་ས་འདི་ཉིད་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་དུ་གྱུར་བ།

ལྷ་ཀླུ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ལེགས་སུ་ཕྱིན་པ།

ཞོགས་པའི་ཉི་གཞོན་ལྷ་སའི་ལྷ་ཀླུ་འདམ་རའི་དྭངས་ཤིང་གཙང་བའི་ཆུ་ངོས་སུ་འཕྲོས་ཤིང་། སྐོར་སྲུང་བ་བྱམས་པས་ལྗོངས་གཟིགས་སྤྲིན་ལམ་གྱི་ལག་སྐྱོར་ཕྱིས་ཞོར་དུ་འདམ་རྩྭའི་ཁྲོད་ཀྱི་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་ངོས་སུ་རྩེད་འཇོར་རོལ་བཞིན་པའི་ཆུ་སྐྱར་མགོ་སྨུག་ལ་ལྟ་བཞིན་དུ་ཆུ་མོ་དྭངས་པ་དང་། རྩྭ་སྔོ་ལྗང་། བྱ་བྱིའུ་མང་བ། མཁའ་རླུང་ཧ་ཅང་གཙང་བ་བཅས་ཡོད་ཅེས་བཤད།

ད་ལོའི་ཟླ་7པར། ཙམ་པབ་ཝེར་འཚོགས་པའི《འདམ་རའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཐོག་ལྷ་ས་གྲོང་ཁྱེར་ལ་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་སྤྲད་ནས་བོད་ཀྱི་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་དང་པོར་གྱུར་ཡོད།

ལྷ་ཀླུ་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་12ལས་བརྒལ་ནས་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་དོ་སྙོམས་དང་། གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། གསོ་རླུང་ཁ་གསབ། ཆུ་སྲུང་འཛིན་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། བྱམས་པ་དགའ་འོས་པ་ཞིག་ལ་ལྷ་ཀླུ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། བྱམས་པས་ལོ་ཤས་གོང་ང་ཚོས་སྐོར་གཡེང་བྱེད་སྐབས་ཁྲུང་ཁྲུང་སྐེ་ནག་3མཐོང་བྱུང་། སྐབས་དེ་དུས་སེམས་འགུལ་ཐེབས་པ་དེ་ད་བར་བརྗེད་པར་དཀའ་བ་ཞིག་རེད། ད་ཆ་ཁྲུང་ཁྲུང་སྐེ་ནག་ལྷ་ཀླུ་འདམ་རའི་རྒྱུན་གཏན་གྱི་མགྲོན་པོར་གྱུར་ཡོད་ཅེས་བཤད། བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ཀླུ་འདམ་རའི་ད་ཡོད་བདག་སྲུང་བྱ་ཡུལ་སྐྱེ་དངོས་རིགས་435དང་། སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་200 འབུ་སྲིན་རིགས་80བཅས་ཟིན་ཡོད་པ་རེད།

ལྷ་ཀླུ་འདམ་རའི་འགྱུར་ལྡོག་ནི་རྒྱུན་སྲིང་ལྷོད་མེད་ཀྱི་ཁྲིམས་སྐྱོང་འགན་ལེན་དང་ཚན་རིག་དང་མཐུན་པའི་ཉམས་གསོ་ལས་བྱུང་བ་ཞིག་ཡིན་ཞིང་། 1999ལོར། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ནས་2005ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་དང་། དེ་ནས་སླར་ཡང་2010ལོར་《ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》བཏོན་པའི་བར་སྐྱེ་ཁམས་སྲུང་སྐྱོང་བྱ་ཐབས་རབ་དང་རིམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལྷ་མོ་ཚེ་རིང་གིས་ང་ཚོས་རིག་ཚན་ལས་བརྒལ་བའི་ཚན་རིག་རྟོག་ཞིབ་རུ་ཁག་མང་པོ་བཙུགས་པའི་ནང་སྐྱེ་ཁམས་རིག་པ་དང་། ས་གཤིས་རིག་པ། གནམ་གཤིས་རིག་པ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། འདམ་རར་ཕྱོགས་ཡོངས་ནས་བརྟག་དཔྱད་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཀྱི་གཞི་གྲངས་དང་མི་ཆོས་ཀྱི་ས་ཁམས་སོགས་དཔྱད་གཞིའི་ཡིག་རིགས་བརྒྱུད་རིམ་ལྡན་པའི་ངང་བསྡུ་རུབ་བྱས་ནས་རྗེས་མཐུད་ཀྱི་སྲུང་སྐྱོང་ལས་དོན་ལ་གྲངས་གཞི་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད། བོད་ཀྱིས་སྔ་རྗེས་སུ་སྒོར་དུང་ཕྱུར་8.5བཏང་ནས་ལྷ་ཀླུ་འདམ་རའི་དུས་ཐེངས་དང་པོ་ནས་བཞི་པའི་བར་གྱི་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར། ལྷ་ས་འདི་ཉིད་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་དུ་གྱུར་བ། 6 6 拉萨日报藏文 c206900.html 1 ལྷ་ཀླུ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ལེགས་སུ་ཕྱིན་པ། /enpproperty-->