分享按钮

བློ་མཐུན་ཞི་ཅིན་ཕིང་གི《ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ་པར་འགྲེམས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ཆེད་དོན་གསུང་རྩོམ་ཕྱོགས་བསྡུས་དེའི་ནང་དོན་ནི་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད་ཅིང་། 2018ལོའི་ཟླ་12པར་དཔེ་སྐྲུན་བྱས་པའི《ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ནི་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་དཔེ་སྐྲུན་བསྐྱར་མ་བྱས་ནས《ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཞེས་པའི་པོད་དང་པོར་མིང་བསྒྱུར་བ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12ནས་2018ལོའི་ཟླ་12པའི་བར་གྱི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་རྩོམ་ཡིག་གལ་ཆེན་73བསྡུས་ཡོད། པོད་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གི་2019ལོའི་ཟླ་1ནས་2025ལོའི་ཟླ་4པའི་བར་གྱི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་རྩོམ་ཡིག་གལ་ཆེན་92བསྡུས་ཡོད་པ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-19 6 6 拉萨日报藏文 c206901.html 1 བློ་མཐུན་ཞི་ཅིན་ཕིང་གི《ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ་པར་འགྲེམས་བྱས་པ། /enpproperty-->