ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དཔལ་འབྱོར་གསར་སྤེལ་ཁུལ་དང་སྟོད་ལུང་བདེ་ཆེན་ཆུས་སུ་ཕེབས་ནས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ་རེད།གཙང་འགྲམ་ལམ་དཔལ་འབྱོར་གསར་སྤེལ་ཁུལ་དུམ་བུའི་དུས་ཐེངས་དང་པོའི་ལས་གྲྭའི་ཨར་ལས་དཔེ་རིས་ལ་ཞིབ་ཕྲ་གཟིགས་པ་དང་། ལས་གྲྭའི་འཕེལ་རིམ་འདྲི་རྩད་ཞིབ་ཕྲ་གནང་བ། ས་ཡུལ་དངོས་སུ་གཞུང་ལས་སྒྲུབ་པ་བཅས་གནང་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་གནང་བ་རེད། ནག་ཆུའི་མཐོ་རིམ་སློབ་འབྲིང་དང་པོར་སློབ་གཉེར་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་གནང་སྟེ་ཡུལ་དངོས་སུ་སློབ་གྲྭའི་ཁོར་ཡུག་གི་གནད་དོན་མཐུན་སྦྱོར་ཐག་གཅོད་གནང་བ་རེད། སྟོད་ལུང་བདེ་ཆེན་གཙང་འགྲམ་དང་མི་རིགས་མཐུན་སྒྲིལ་སྤྱི་གླིང་དུ་འཆར་འགོད་ཇུས་འགོད་དང་། བར་མཐོངས་བཀོད་སྒྲིག མཛེས་ལྗོངས་གསར་བཟོ་སོགས་ཀྱི་གནས་ཚུལ་སྙན་སེང་ནན་ཏན་ངང་གསན་ཏེ།གླིང་ཁུལ་དང་རྫོང་ཁག་གིས་བསྡུར་སློབ་ཕན་ཚུན་དཔྱད་གཞིར་འཛིན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཝང་ཆང་གིས་ནན་གསུངས་གནང་དོན། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་དུས་རབས་ཀྱི་སྙིང་སྟོབས་མངོན་པ་དང་། ལོ་རྒྱུས་ཀྱི་རྗེས་ཤུལ་སོར་འཇོག། ས་ཁོངས་དང་། གཙོ་དོན། ཚོགས་པ་སྒྲིག་འཛུགས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社