ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་སྒྲིག་ཆས་ཕྱིར་ཚོང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་སེམས་དྲོད་དྲོད་རླངས་མཁོ་འདོན་མ་ལག་ཉམས་ལེན་ཁང་ཟླ་8ཚེས་13ཉིན་ལས་གཉེར་ཚོད་ལྟ་བྱས་ཤིང་། ཉམས་ལེན་ཁང་དེ་བསྐྲུན་པ་ནི་དུས་ཐོག་གི་ཆར་པ་ཞིག་དང་འདྲ་བར་གྲོང་མིའི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ནས་གྲོང་མིར་འཛད་སྤྱོད་ཀྱི་ཉམས་ལེན་གསར་པ་དང་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
ལྷ་ས་སེམས་དྲོད་དྲོད་རླངས་མཁོ་འདོན་མ་ལག་ཉམས་ལེན་ཁང་ནི་གྲྭ་བཞི་དཀྱིལ་ལམ་དུ་གནས་ཤིང་། རང་གྲོང་གི་རྩད་ཞིབ་དང་། ཇུས་འགོད། ཨར་ལས། སོལ་རླངས་བདེ་འཇགས་ཞིབ་དཔྱད་ཚད་ལེན། དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་ཕྱིར་ཚོང་སོགས་གཞི་གཅིག་ཏུ་འདུས་པའི་ཁྱིམ་ཚང་གི་དྲོད་རླངས་མཁོ་འདོན་མ་ལག་ཉམས་ལེན་ཁང་ཐོག་མ་དེ་རེད། ཉམས་ལེན་ཁང་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་200ཙམ་ཡོད་པ་དེ་དག་རང་རྒྱལ་གྱིས་བཟོས་པའི་ཉམས་ལེན་ཁང་དང་ནང་འདྲེན་བྱས་པའི་ཉམས་ལེན་ཁང་ཞེས་གཉིས་སུ་དབྱེ་ཡོད་པ་དང་། ཉམས་ལེན་ཁང་ནི་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། ནུས་པ་ཁ་གསལ། སྔོན་ཐོན་གྱི་དྲོད་རླངས་མཁོ་འདོན་སྒྲིག་ཆས་དང་དེ་བཞིན་ཁྱིམ་ཚང་གི་དྲོད་རླངས་མཁོ་འདོན་མ་ལག་སྣ་ཚོགས་ཡོད་པ་རེད། ཚོད་ལྟའི་ལས་གཉེར་བྱེད་རིང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社