(པར་ངོས་དང་པོར་མཐུད)བྱ་བ་ཐམས་ཅད་ཀྱི་ནང་ནས་དམངས་འཚོ་གཙོ་བོར་འཛིན་དགོས། ཚོགས་འདུའི་ཐོག་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་།གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་མི་འགྱུར་བའི་འགན་ལེན་བྱས་ཏེ་དམངས་འཚོ་འགན་ལེན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བའི་བརྡ་རྟགས་གསལ་པོ་ཞིག་བཏང་ཡོད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། འདི་ལོ་ནས་བཟུང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཏེ་དངོས་སྒྲུབ་ཀྱི་བྱ་ཐབས་རབ་དང་རིམ་པར་བརྟེན་ནས་དམངས་འཚོའི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ་དང་དམངས་འཚོ་འཛུགས་སྐྱོང་དེ་བས་དྲང་གཞག་དང་། དོ་སྙོམས། ཀུན་ཕན། ཁྱབ་གདལ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་བ།དེ་ཡང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་གྱི་སྤྱིའི་ཆུ་ཚད་སླར་ཡང་བརྒྱ་ཆ་2འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་བཏང་བས། དེ་གཉིས་ལས་རྒན་རྒོན་དུང་ཕྱུར་3.3ཙམ་ལ་ཕན་པ་ཐོབ་ཡོད། ལོ་སྟོད་དུ་སི་ཁྲོན་དང་ཀོང་ཏུང་སོགས་ཞིང་ཆེན་བརྒྱད་ཀྱིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད།
སྨན་བཅོས་འགན་ལེན་མཐོ་རུ་བཏང་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་ཀྱི་ཚད་གཞི་སླར་ཡང་སྒོར་5མང་དུ་བཏང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སྒོར་30མང་དུ་བཏང་ཡོད། དུས་མཚུངས་སྨན་བཅོས་རོགས་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་བཏང་ཡོད། འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་འབྲེལ་ཡོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5522སྤྲད་ཡོད།
རྒན་རྒོན་དང་བྱིས་པར་སྲུང་སྐྱོང་བྱེད་དགོས།དེ་ཡང་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་དབང་ནུས་ཉམས་པའི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲོད་པ་དང་། ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་བཙུགས་ནས་ཕྲུ་གུ་རེར་ལོ་རེར་སྒོར་3600ཡི་ཚད་གཞི་ལྟར་མང་ཚོགས་ལ་ཐད་ཀར་སྤྲད་དེ་ཁྱིམ་ཚང་གི་ཕྲུ་གུ་གསོ་བའི་མ་གནས་དམའ་རུ་གཏོང་དགོས།
དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ཐད་འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1566.8སྤྲད་དེ་ས་གནས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར། གནས་སྐབས་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
ནོར་སྲིད་པུའི་སྤྱི་ཚོགས་འགན་སྲུང་སིའི་སི་ཀྲང་གཞོན་པ་ཀེ་ཀྲི་ཧའོ་ཡིས་རྗེས་མར་མང་ཚོགས་ཀྱི་འཕྲལ་མཁོ་དང་།སེམས་ཁྲལ།དཀའ་ངལ།རེ་སྒུག་བཅས་ལ་དམ་པོར་དམིགས་པ་དང་། མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ནོར་སྲིད་མ་དངུལ་བཀོད་སྒྲིག་གི་དམངས་འཚོ་འདུས་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
དྲག་ཆར་བསྟུད་མར་འབབ་པའི་རྐྱེན་གྱིས་ཟླ་8ཚེས་5ཉིན་གྱི་ཆུ་ཚོད་8པར།ཀོང་ཏུང་གིས་ཆུ་བེད་འབྲུབ་འགོག་གི་འཕྲལ་སྡོམ་བརྡ་ལན་རིམ་པ་གཉིས་པར་སྤར་བ་རེད། ཀོང་ཏུང་ཧུའེ་ཀྲོའུ་དང་། ཏུང་ཀོན། ཀྲའོ་ཆིང་སོགས་གྲོང་ཁྱེར་གྱི་ས་ཁོངས་ཁག་གཅིག་ཏུ་ཆུས་བསྣུབས་པས་ས་གནས་དེ་གའི་མེ་ཟོན་རོགས་སྐྱོབ་མི་སྣས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཉེན་གྱར་མང་ཚོགས་གནས་སྤོ་བྱས་ཡོད།
བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རྩ་བའི་འགན་སྲུང་ཡིན། ཚོགས་འདུའི་ཐོག་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ཨང་དང་པོར་འཇོག་དགོས་པ་དང་།ཐོན་སྐྱེད་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།འབྲུབ་འགོག་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་སོགས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པས་དམངས་འཚོ་འགན་ལེན་གྱི་བདེ་འཇགས་དྲ་བ་བརྟན་པོར་བཙུགས་ཡོད།
རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་འབྲུབ་འགོག་གི་ཆེད་དོན་གྲོས་མོལ་གཙོ་སྐྱོང་བྱས་ཏེ་གཙོ་གནད་ཞིང་ཆེན་གྱི་དྲག་ཆར་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་བཀོད་གཏོང་དང་བཀོད་སྒྲིག་བྱས་པ་རེད། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3.5ཛ་དྲག་ངང་སྔོན་གཏོང་བྱས་ཏེ་ཞིང་ཆེན་དགུའི་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་2བཀོད་སྒྲིག་བྱས་ནས་པེ་ཅིང་གི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་གྱི་གནོད་འཚེའི་རྗེས་ཀྱི་འཕྲལ་སྡོམ་སླར་གསོར་རྒྱབ་སྐྱོར་བྱས་ཡོད།
མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་མཚམས་ཡིན་པས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁ་གཏད་གཅོག་ཐབས་ཁག་དེ་བས་ཞིབ་ཚགས་དང་དོན་འཁྱོལ་ཡག་པོ་བྱས་ཏེ་འཕྲལ་མ་ཉིད་དུ་དང་ལེན་དང་འཕྲལ་མ་ཉིད་དུ་ཐག་གཅོད་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
ནུས་ཁུངས་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་སྤྱི་ཚོགས་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད། དེའི་ཐད་ཚོགས་འདུའི་ཐོག་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།དབྱར་དུས་ཀྱི་གློག་མཁོ་འདོན་འགན་ལེན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
ཉེ་དུས་ས་གནས་ཁག་གི་གནམ་གཤིས་ཀྱི་དྲོད་ཚད་མཐོ་རུ་ཕྱིན་ནས་དབྱར་དུས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡང་འགག་རྩའི་དུས་སུ་སླེབས་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཅང་དབྱི་ཡིས། རྗེས་མར་ས་གནས་ཁག་གིས་གློག་དང་རྡོ་སོལ་ཐོན་སྐྱེད་དང་། སྐྱེལ་འདྲེན། དགོས་མཁོ་བཅས་སྦྲེལ་མཐུད་དང་། གློག་དང་རང་བྱུང་སོལ་རླངས་སྤྱོད་རྒྱུ་མཐུན་སྦྱོར་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་དང་ཆབས་ཅིག ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་གློག་ཤུགས་བཀོད་གཏོང་ཧུར་ཐག་བྱེད་པ་དང་། རང་བྱུང་གནོད་འཚེ་ཚབས་ཆེན་དང་ཐོལ་བྱུང་དོན་རྐྱེན་ལ་དམ་པོར་དམིགས་པ།དེ་བཞིན་འཕྲལ་མ་ཉིད་དུ་གློག་ཤུགས་ཁེ་ལས་སྒྲིག་འཛུགས་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་དང་གློག་མྱུར་བཟོ་བྱས་ནས་དམངས་འཚོ་དང་དེ་བཞིན་ནུས་ཁུངས་སྤྱོད་མཁན་གཙོ་བོའི་ནུས་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་6ཉིན་འབྱོར་བའི་གློག་འཕྲིན) (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社