(པར་ངོས་དང་པོར་མཐུད)བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་ཐང་ཆེན་ལྷོ་མར་ཤའོ་ཡིའུ་ཚའེ་ཡིས་ཕེབས་ཞོར་དུ་གནད་དོན་འདོན་པ་དང་ས་ཡུལ་དངོས་སུ་བཅོས་སྒྲིག་གི་བླང་བྱ་བཏོན་པ་རེད། ཁོང་གིས་མཛུབ་སྟོན་གནང་དོན།བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་སྨིན་ཅན་དང་། ཞིབ་ཚགས་ཅན། མཛེས་སྡུག་ཅན་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་གནད་དོན་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་དགོས་པ་དང་།ནུས་པ་དང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཁྱད་ལྡན་གྱི་རྣམ་པ་དང་གཟུགས་བརྙན་བཅས་གཏོད་དེ་མི་རིགས་ཁག་གི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་དག་ཚོར་ཐུབ་པར་བྱེད་དགོས།
ཀླུ་སྡིངས་ལམ་དང་འདམ་ར་ལམ་གྱི་ལེགས་སྒྱུར་སྒྱུར་བཀོད་ལས་གྲྭའི་ས་ཡུལ་དངོས་སུ་སླེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་ཨར་སྐྲུན་གྱི་འཕེལ་རིམ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན།ཀླུ་སྡིངས་ལམ་དང་འདམ་ར་ལམ་དེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དྲ་རྒྱའི་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་སྒྱུར་བཀོད་ལེགས་སུ་བཏང་རྗེས་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲིམ་འགྲུལ་དང་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ཤུགས་ཆེར་ཕྱིན་པར་མ་ཟད། གྲོང་ཁྱེར་གྱི་ལམ་དྲ་ཤར་གཏོང་ཐུབ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་དུས་ཚོད་དང་མཚམས་ཚིགས་ལ་དམ་པོར་དམིགས་ཏེ།ཨར་ལས་ཀྱི་འཕེལ་རིམ་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ་དང་མཇུག་བསྡུའི་ལས་དོན་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ཐོག་ལས་གྲྭ་སྔ་ཙམ་བསྐྲུན་པ་དང་སྔ་ཙམ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཕུགས་ཕན་གྱི་དོ་དམ་སྲུང་སྐྱོང་དང་དོ་དམ་བདག་སྐྱོང་ཞིབ་ཚགས་ངང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགྲོ་ལམ་དང་། སྔོ་འགྱུར། སྒྲིག་བཀོད་བཅས་རྒྱུན་རྣམ་ཅན་གྱི་བདག་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“སྐབས་གཅིག་རིང་སྔོ་འགྱུར”ནས“ཡུན་རིང་སྔོ་འགྱུར”དང“སྐབས་གཅིག་རིང་མཛེས་འགྱུར”ནས“ཡུན་རིང་མཛེས་འགྱུར”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社