分享按钮

ཞི་ཅིན་ཕིང་གིས་ཀན་སུའུ་ལན་ཀྲུའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་དུ་ཆུ་ལོག་གི་གནོད་འཚེ་ཐོན་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

(པར་ངོས་དང་པོར་མཐུད)མིག་སྔ་ནི་སྔར་བཞིན“ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད”ཀྱི་འབྲུབ་འགོག་གི་འགག་རྩའི་དུས་སུ་གནས་ཡོད་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་ནས་དོགས་ཟོན་སྔར་བས་ཆེ་རུ་གཏོང་རྒྱུ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཆར་ཆུ་དང་ཆུ་ལོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེར་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་སྣ་འཆི་རྨས་འབྱུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། འཕྲལ་སྡོམ་དོ་དམ་པུའུ་ཡིས་ལས་དོན་ཚོགས་ཆུང་ས་ཡུལ་དངོས་སུ་འཚོལ་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད་པ་དང་། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ས་ཡུལ་དངོས་སུ་ཉེན་སྐྱོབ་གནོད་སེལ་ལས་དོན་ལ་བཀོད་གཏོང་དང་བཀོད་འདོམས་བྱེད་བཞིན་ཡོད། མིག་སྔར། ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-10 6 6 拉萨日报藏文 c206572.html 1 ཞི་ཅིན་ཕིང་གིས་ཀན་སུའུ་ལན་ཀྲུའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་དུ་ཆུ་ལོག་གི་གནོད་འཚེ་ཐོན་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->