分享按钮

རང་གྲོང་གིས་འབྲེལ་ཟབ་རྣམ་པའི་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྱོང་ཚོད་ལྟའི་ལས་དོན་གྱི་ཚོཊ་འདུ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་གྲོང་གིས་འབྲེལ་ཟབ་རྣམ་པའི་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྱོང་ཚོད་ལྟའི་ལས་དོན་གྱི་ཚོགས་འདུ་འཚོགས་ནས་དུས་འགོའི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཐན་ཞང་ཏུང་དང་གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་གི་འབྲེལ་ཟབ་རྣམ་པའི་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྱོང་ཚོད་ལྟའི་གྲུབ་འབྲས་ཀྱིས་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་དང་། སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་མི་སྣས་ཚོད་ལྟའི་ལས་དོན་གྱི་འཕེལ་རིམ་ཁག་སོ་སོར་སྙན་སེང་ཞུས་པ་རེད།

ཀྲའོ་ཧྲི་ཏུང་གིས་བླང་བྱ་བཏོན་དོན།བསམ་བློ་སྔར་བས་གཅིག་གྱུར་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཚོད་ལྟའི་ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བའི་བླང་བྱ་གཞིར་བཟུང་། བློ་རྩ་བརྟན་པོས་གསར་གཏོད་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།ལྷ་སའི་ཁྱད་ཆོས་ལྡན་པའི་འབྲེལ་ཟབ་རྣམ་པའི་གྲོང་ཁྱེར་གྱི་སྨན་བཅོས་གོང་འཕེལ་གྱི་ཐབས་ལམ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ནས་མང་ཚོགས་ལ་འཕྲད་པའི་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-10 6 6 拉萨日报藏文 c206564.html 1 རང་གྲོང་གིས་འབྲེལ་ཟབ་རྣམ་པའི་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྱོང་ཚོད་ལྟའི་ལས་དོན་གྱི་ཚོཊ་འདུ་འཚོཊ་པ། /enpproperty-->